R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༥༦
[A:༥༦]རྣམས་ལས་བརྒྱུད་པ་དང༌། སེམས་འགྲེལ་སྐོར་གསུམ། དགྲ་ནག །འཇིགས་བྱེད། གདོང་དྲུག །ནཱ་རོ་ཏ་པའི་གུརརིགས་ཚོགསབསྟོད་ཚོགས་རྣམས་གསན་ནོ། །དེའི་ཚེ་བླ་མས་ཆོས་རྣམས་ཚར་རེ་ལ་མཁྱེན་པ་དང༌། མལ་གྱིས་ཐུགས་སུ་མ་ཆུད་དེ། ལ་ལས་མི་ཚེ་ཕྱིད་པའི་ཆོས་ལ། ལ་ལས་ཚར་རེས་ཤེས་སུ་རེ་བ་གསུངས་ནས་བཀྱོན་སྐད། ལན་ཅིག་དཔོན་སློབ་ཚོས་རྟོགས་བདུན་གྱི་སྔགས་ཤིག་འཐུ་ཡིན་འདུག་པ་དང༌། སློབ་མ་ཚོས་མ་ཤེས་པ་ལ་བླ་ཆེན་གྱིས་དེ་ལ་ཚེགས་མེད། འདི་ལྟར་བྱས་ན་མཆི་བྱས་པས། བླ་མ་ཀག་གིས་བཞེངས་ནས་ཤེས་ན་དགའ་བ་ཚོས་མི་ཤེས། མ་ཤེས་ན་དགའ་བ་ཚོས་ཤེས་འདུག་གསུངས་ནས་གཤེགས་སོ། །དེར་ཐུགས་ཅུང་ཟད་ལྟེང་གིན་ལོགས་ཤིག་ན་བསམ་མནོ་བྱེད་ཅིང་བཞུགས་ཙ་ན། ཡང་ཁོང་ཚོ་ཚོགས་ནས་སྔགས་འཐུ་ཡིན་ཡོད་པ་ལ། ལྷགས་པས་ཤོག་གུ་ཞིག་ཁྱེར་བ་བླ་ཆེན་གྱི་གམ་དུ་བྱུང་བས་དེ་ཁྱེར་ཏེ་འདི་ན་གདའ་ཞུས་པས། དེ་རྟེན་འབྲེལ་བཟང༌། ཆོས་ཀྱི་ཕན་ཐོགས་པ་འོང་བ་ཡིན་གསུངས་ནས་མཉེས། དེ་ནས་ས་ཆེན་མར་འབྱོན་ཁར་བླ་མ་མལ་ན་རེ། ངའི་ཆོས་འདི་ངེས་པར་འཚང་རྒྱ་བའི་ཆོས་ཡིན་པས་མི་ཉིད་ཀྱི་རིགས་ཀྱིས་དབང་བསྐུར་བྱ་བ་བྱེད་པ་ཡིན་ཟེར་ནས། ར་ཚང་ཞིག་ཏུ་ཕུབ་གོགས་གཅིག་གི་སྟེང་དུ་པདྨ་འདབ་བརྒྱད་ཅིག་བྱས། སླུ་གུ་གཅིག་གི་སྐེ་ལ་བལ་ཞིག་གིས་དཀྲིས་བྱེད་པའི་ཉེན་ཡོད་དེ། དེ་འདྲ་མ་བྱེད་གསུངས་པས། བླ་མའི་ཆོས་ལ་དེ་འདྲ་ག་ན་བྱེད་གསུངས་ནས་མར་བྱོན། གཡས་རུ་ན་མར་དབང་བསྐུར་སེམས་བསྐྱེད་འདྲ་མཛད་པས་གསེར་སྲང་བཅུ་བདུན་འབུལ་བ་ལ་བྱུང་སྟེ། དེ་རྣམས་སྔགས་པ་ཞིག་ལ་བསྐུར་ནས་བླ་མ་ལ་འབུལ་དུ་