[A:༧༡]འདས་སོ།།
Biographical Sketch of bSod nams rtse mo
༈ གཉིས་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་
སློབ་དཔོན་འདིས་རྒྱ་གར་དུ་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་བཅུ་གཉིས་སུ་སྐྱེ་བ་བཞེས་པ་དྲན། དབུ་རྩེ་རྙིང་མར་གཞུང་ལྟ་བའི་སྐབས་སུ། རྗེ་པ། ཞུ་བྱས། རྨོག་སྟོན་གསུམ་ལ་འཇམ་དབྱངས། བིརྺ་པ། སྤྱན་རས་གཟིགས་གསུམ་གྱིས་མཐོང་སྣང་བསྟན་ནོ། །
ནི་གཞོན་ནུའི་ས་ལ་གནས་པ་སྟེ། སྐུ་བལྟམས་པ་ཙམ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་བགོས་པ་ཕུལ་དུ་བྱུང་བའི་བློ་གྲོས་དང་ལྡན་པ་ཞིག་སྟེ། ཡབ་ལས་རྡོ་རྗེ་ཐེག་པས་བསྡུས་པའི་རྒྱུད་དང་འགྲེལ་པ། དཀྱིལ་ཆོག །སྒྲུབ་ཐབས། དབང༌། བྱིན་རླབས། གདམས་ངག །ཕྱག་བཞེས་ཁྲིད་དང་བཅས་པ་ལེགས་པར་ཞུས་ནས།
རྗེ་པ་དགུང་ལོ་བཅུ་གསུམ་པ་ལ་ངས་དབུས་སུ་ཕྱིན་ལ་ཕར་ཕྱིན་དང་དབུ་ཚད་ལ་སོགས་པ་ཉན་ལས་འོང༌། ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས་ཤིག་གསུངས་ཏེ་ལོ་བཅུ་གསུམ་ལ་གདན་ས་གཏན་ནས་གསང་ཕུ་ནེའུ་ཐོག་ཏུ། ཆ་པ་ཆེན་པོ་ལས་ཆོས་གསན་པ་ལ་སྔ་ཕྱི་ལོ་བཅུ་གཅིག་བཞུགས་ནས་མཁས་པ་ཆེན་པོར་གྱུར། གསེར་གྱི་གཉྫི་ར་ཞིག་དང་ཡུམ་རྒྱས་པ་ལ་སོགས་པ་ཆོས་དང་ཟང་ཟིང་མང་དུ་ཕུལ་ཏེ་མཉེས་པར་བྱས་སོ། །དེ་ནས་བརྩམས་ཏེ་རིམ་གྱིས་གསང་སྔགས་མཐའ་དག་དང༌། མཚན་ཉིད་ཀྱི་ཕྱོགས་དང༌། མན་ངག་ཟབ་མོ་ལ་སོགས་པ་བོད་ན་ཡོད་པའི་ཆོས་ཀུན་ཐུགས་སུ་ཆུད་དེ་ཤེས་བྱ་རིགས་པའི་གནས་ལྔའི་ཕ་རོལ་ཏུ་ཕྱིན་པར་མཛད་ནས། ཆོས་ལ་འཇུག་པའི་སྒོ་ལ་སོགས་པ་བསྟན་བཅོས་མང་དུ་བརྩམས་པའི་སྒོ་ནས་ཕལ་ཆེར་དབེན་པ་ལ་གཞོལ་བར་མཛད་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་བུ་གཅིག་པ་ལྟར་བསྲུང་སྟེ། འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱིས་དོན་མཛད་ནས་དགུང་ལོ་ཞེ་གཅིག་པ་ལ་ཆུ་ཕོ་སྟག་གི་