R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༧༠
[A:༧༠]གསུང་ལས་བཟོད་པ་ཐོབ་པར་གྲུབ་ལ། བཞི་པ་དང་བདུན་པ་ནི་བྲལ་འབྲས་དང་རྒྱུ་མཐུན་གྱི་འབྲས་བུ་ཐོབ་པའི་དཔེར་མཛད་ཅིང༌། ལྔ་པའང་འབྲས་བུ་ཐོབ་པ་ཡིན་ལ། འབྲས་བུ་འདི་དག་ཕལ་ཆེ་བ་བཟོད་པ་ལས་བྱུང་བ་དང༌། དྲུག་པ་ལའང་མཐོང་སྣང་བརྟན་པོ་ཡོད་པར་གྲགས་ལ། དེའང་བཟོད་པ་ལས་བྱུང་བར་བཤད་པས་སོ། །སྔ་མ་དག་སྒོམ་པ་ཇོ་ལྕགས་དང་གནས་བརྟན་བསོད་ནམས་ཤེས་རབ་བསྣན་ནས། སྔར་གྱི་བཞི་པ་དང་ལྔ་པ་ཕྱུང་བ་དང༌། ཁ་ཅིག་རྗེ་བཙུནབྱང་སེམས་ཟླ་རྒྱལརྒྭ་ལོམང་ཆུང༌། ཁྲི་བཟང༌། དེར་གྲུབ་པ་སྡེ་བདུན་ལ་བཞེད་མོད། རྒྱུ་མཚན་མ་མཐོང་བས་ཐམས་ཅད་བཟོད་པ་ཐོབ་པར་གཞག་དཀའ་ཞིང༌། ལ་ལ་བླ་ཆེན་གྱི་སློབ་མར་ཡང་མ་གྲགས་སོ། །ཟམ་པ་ཉེ་ཤོས་ལ་མི་མང་པོ་བསྒྲལ་བ་ནི། མཁས་པ་དང་ནུས་པ་དང་ལྡན་པ་དང༌། ཏིང་ངེ་འཛིན་མཆོག་དང་
གྲུབ་ཐོབ་ཁམས་པ་རྡོར་རྒྱལགྲུབ་ཐོབ་ཉི་ཕུག་པབྱང་གཡག་ལུང་གི་གྲུབ་ཐོབ་བེ་ནེབྱ་སྟོན་རྣལ་འབྱོར་ཡང་ཟེར། དཔལ་རྒྭ་ལོགཤེན་རེ་ཐུལསྒོམ་པ་ཇོ་ལྕགསགཉེན་གཙུག་ཏོར་རྒྱལ་པོགཉགས་དབང་རྒྱལ
ལྡན་པ་དང༌། ཀུ་སུ་ལུའི་ཚུལ་དུ་སྦས་ཏེ་བཞུགས་པ་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ངོ༌།། ༈ བཞི་པ་བརྒྱུད་པ་གཉིས་ཇི་ལྟར་འཕེལ་བའི་ཚུལ་ལ། དངོས་དང་དེ་ལས་འཕྲོས་པའི་ལོ་རྒྱུས་གཉིས་ཀྱི། དང་པོ་ནི། བླ་ཆེན་དེ་ལ་སྲས་བཞི་འཁྲུངས་པ་ལས་ཆེ་བ་ཀུན་དགའ་འབར་ཞེས་བྱ་བ་མ་ག་དྷར་སློབ་གཉེར་མཛད། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས། བོད་ལ་འབྱོན་པའི་གྲབས་བྱས་པའི་ཐོག་ཏུ་ཚད་པའི་བསྙུང་གཞི་ཞིག་བྱུང་ནས་དགུང་ལོ་ཉི་ཤུ་རྩ་གཉིས་པར་མ་ག་དྷ་དེ་ཉིད་དུ་སྐུ་