R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༩༠
[A:༩༠]བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ། ཟློས་གར་ལ་རབ་དགའི་འཇུག་པ་དང༌། རོལ་མོའི་བསྟན་བཅོས། མངོན་བརྗོད་ལ་ཚིག་གི་གཏེར། བཟོ་རིག་པ་ལ་སྐུ་གཟུགས་ཀྱི་བསྟན་བཅོས་དང༌། ས་བརྟག་པའི་རབ་དབྱེ། གསོ་བ་རིག་པ་ལ་ཡན་ལག་བརྒྱད་པའི་དོན་བསྡུས། ཐེག་པ་ཐུན་མོང་ལ་གྲུབ་མཐའ་རྣམ་འབྱེདཐུབ་པ་དགོངས་གསལསྡོམ་གསུམ་རབ་དབྱེ་ལ་སོགས་པ། ཐུན་མོང་མ་ཡིན་པ་ལ་ཁྲིད་ཀྱི་དཀར་ཆགརྟེན་འབྲེལ་ལྔའི་ཡི་གེ་ལ་སོགས་པ་དུ་མ་དང༌། གཞུང་ལུགས་སྤྱི་ལ་མཁོ་བའི་མཁས་པ་འཇུག་པའི་སྒོ་དང༌། ལུགས་ཀྱི་བསྟན་བཅོས་ལེགས་བཤད་ལ་སོགས་པ་སྟེ། མདོར་ན་བསྟན་བཅོས་དྲི་མ་མེད་པ་དུ་མ་མཛད་དོ། །གཞན་ཡང་རྗེ་བཙུན་པས་དུས་ཕྱིས་བྱང་ཕྱོགས་ནས་སྐད་རིགས་མི་གཅིག་པ་ཞྭ་ཁྲ་འཕུར་བ་འདྲ་བ་གྱོན་པ། ལྷྭམ་ཕག་གི་སྣ་འདྲ་བ་བྱས་པས་ཁྱེད་གདན་འདྲེན་དུ་འོང་བ་ཡིན། དེ་དུས་ཐེ་ཚོམ་མ་བྱེད་པར་སོང༌། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན་པ་ལྟར། རྒྱལ་བུ་གོ་དན་གྱིས་གདན་དྲངས་ནས་དགུང་ལོ་རེ་གསུམ་པ་ལ་ས་སྐྱ་ནས་གདན་བཏེག་ནས་ལམ་ན་ཡོད་པའི་སྐལ་ལྡན་རྣམས་ལ་དབང་བྱིན་རླབས། རྒྱུད་མན་ངག་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་བྱོན། དེའི་དབང་གིས་ལོ་གསུམ་བར་ལ་ལམ་དུ་འགོར་ནས། རེ་ལྔ་པ་ལ་རྒྱལ་བུ་དང་མཇལ་ཏེ་ཆོས་ཀྱི་གསུང་གླེང་མང་པོ་མཛད། ཅུང་ཟད་མ་གོ་བ་རྣམས་ཡུ་གུར་གྱི་མཁས་པ་རྣམས་ཀྱིས་མཚམས་སྦྱོར་ནས་ཆོས་སྒོར་བཅུག་པས། རྒྱལ་བུའང་མཉེས་ནས་དབང་བྱིན་རླབས་མན་ངག་མང་དུ་ཞུས། མཆོད་གནས་རྣམས་ཀྱི་ཕུད་དུ་བཀུར། དེ་ནས་བཟུང་སྟེ་སྐད་རིགས་མི་