[A:༡༣]རྣམས་ཀྱང་རེ་རེ་ནས་རྣམ་གྲངས་མང་དུ་གནང་བ་ཡིན་ཏེ། གསུང་ངག་ཆ་ལག་དང་བཅས་པ་ཡོངས་རྫོགས་སུམ་ཅུ་སོ་གསུམ་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །དེ་ཡང་ཨེ་ཝཾ་དུ་རྡོ་རྗེ་འཆང་ཡབ་སྲས་གསུམ་གྱི་རིང་ལ་ཟུར་ཆོས་ཀྱི་མཐིལ་ལེན་མཛད། ཆོས་རྗེ་རྒྱལ་མཚན་པ་མངའ་རིས་སུ་ལན་གཉིས་ཕེབས་དུས་མཁན་ཚབ་མཛད། མེ་མོ་ཕག་ལ་མཁན་པོར་མངའ་གསོལ། སྟག་ལོར་སྟེང་འགེབས་སུ་ལམ་འབྲས་གནང་བའི་ཚེ་ཐམས་ཅད་ཀྱིས་སྐུ་ཁམས་ངན་ཚུལ་དང་དོགས་ཆེ་ཚུལ་ཞུས་པས། ལམ་འབྲས་ཀྱི་རིང་ལ་བར་ཆད་མི་འོང༌། དེ་ནས་ཆོས་འཚམས་བྱེད་གསུངས་ཤིང༌། ལམ་འབྲས་གྲོལ་ནས་བསྔོ་སྨོན་རྒྱས་པར་མཛད་ཅིང༌། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག་གསུང་ཞིང་སྤྱན་ཆབ་མང་དུ་བསིལ་ལོ། །དེ་ནས་ཚེས་བདུན་ནས་ཤཱཀ་བཟང་དུ་སྐུ་མཚམས་མཛད་དེ། དེ་དག་གི་སྐབས་སུ་འཇའ་དང་མེ་ཏོག་སོགས་ཀྱི་ལྟས། ཡི་དམ་གྱི་དཀྱིལ་འཁོར་མང་པོའི་ཞལ་གཟིགས་པ་སོགས་བརྗོད་ཀྱིས་མི་ལང༌། ཆུ་ཕོ་སྟག་གི་ལོའི་ས་ག་ཟླ་བའི་ཚེས་བཅུ་བདུན་གྱི་སྔ་དྲོ་ལ་མྱ་ངན་ལས་འདས་ཏེ། དགུང་ལོ་བདུན་ཅུ་དོན་གཉིས་པའི་ཆུ་ཕོ་སྟག་ལོའི་ཐོག་ཏུ་ཡིན་ནོ། །སྐུ་གཤེགས་པའི་མེ་ཏོག་གི་ཆར་ལ་སོགས་པ་འབབ་པ་གཟིགས་པས། སྔོན་རྗེ་སེམས་དཔའ་ཆེན་པོ་བདེ་བ་ཅན་དུ་གཤེགས་པ་དང༌། སློབ་དཔོན་གུང་རུ་གྲོངས་པའི་དུས་རྣམས་སུ་བབས་པ་ཡིན་པར་འདུག །འོ་ཅག་ལ་ཨེ་བབས་ཨང་གསུངས། སྐུ་རྗེས་རྣམས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་བཀའ་ཁྱབ་གནང༌། རྒྱས་པར་མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ་སོགས་སློབ་མ་རྣམས་ཀྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ནི་མདོ་ཁམས་འབོམ་གྱི་ཡུལ་དུ། ཡབ་ཞང་སྐྱབས། ཡུམ་རྒྱལ་བ་སྨན་གྱི་སྲས་སུ་ས་མོ་