R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༢༨
[A:༢༨]འདིའི་ཡབ་ཀྱི་བར་སྨན་པ་མཁས་པ། དམ་ཚིག་གི་སེལ་མེད་རྒྱུན་མ་ཆད་པ། རྗེ་ས་སྐྱ་པ་ཆེན་པོ་ལ་སོགས་པ་དམ་པ་མང་པོའི་བླ་མར་གྱུར་པ་དགེ་འདུན་ཁྲི་ཕྲག་འདུས་པའི་བྲང་ཏི་དར་མ་སྙིང་པོ་དང༌། ཆོས་རྒྱལ་འཕགས་པའི་བླ་མ་ལྷ་རྗེ་དར་མ་སེང་གེ་སོགས་དགེ་བའི་བཤེས་གཉེན་ཀྱང་དུ་མ་བྱོན་ནོ། །ས་སྐྱའི་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་བྲང་ཏི་འཇམ་དཔལ་བཟང་པོ་ས་སྐྱར་སྤྱན་དྲངས་ནས། བླ་སྨན་དུ་དབང་བསྐུར་བ་ནས་བཟུང་སྟེ། རྗེ་འདི་སྐུ་མཆེད་ཡན་ས་སྐྱ་སྨན་གྲོང་པར་གྲགས་སོ། །དེ་ལྟ་བུའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་གཉིས་པ་དཔལ་ལྡན་ས་སྐྱའི་མདོ་བརྗོད་བཀྲ་ཤིས་གླིང་དུ། ཡབ་འདྲེན་མཆོག་རཏྣ་ཝརྡྷཱའི་དགེ་བསྙེན། སྨན་བླ་གཉིས་པ་ཀུན་དགའ་དོན་གྲུབ་དང༌། ཡུམ་ལྷ་མོ་བུ་འདྲེན་གྱི་སྲས་སུ་ཤིང་མོ་ལུག་གི་ལོ། རེས་གཟའ་ཕུར་བུ། རྒྱུ་སྐར་དབྱུག་པར་དགེ་མཚན་དང་བཅས་འཁྲུངས། མཚན་ཆོས་སྐྱོང་དཔལ་འབྱོར་རོ། །རྗེ་ཡོངས་འཛིན་གྱི་སློབ་མ་ཀུན་མཁྱེན་བཟང་པོ་ཞུ་བ་ཞིག་གིས་མཚན་གསོལ། ཁྲུས་དང་སྲུང་འཁོར་མཛད། དགུང་ལོ་གསུམ་བཞི་ཙམ་བསྙུང་བ་ཀུན་རིག་དབང་གིས་གྲོལ། མ་འོངས་པའི་ལུང་བསྟན་འགའ་རེ་ཡང་མཛད་ཅེས་རྗེའི་གཅེན་ནང་སོ་སྟག་རྒྱལ་དོན་གྲུབ་གསུངས་ཞེས་ཐོས། ཆུང་ངུ་ནས་བྱིས་པའི་སྤྱོད་པ་མི་མངའ། རོང་པ་རྒ་ལོའི་དབོན་རིགས་སྔགས་འཆང་བླ་མ་ངོར་པས་ཀློག་ཡིག་ཕུལ་བརྡ་བསྟན་པ་ཙམ་གྱིས་མཁྱེན། སྐྱེད་ལྷས་སུ་རྗེ་བཙུན་བྲག་ཁུང་སོགས་སུ་མཉམ་འཇོག་དང་ཐོས་བསམ་མཛད། དགེ་འདུན་གྱི་སྡེ་ལ་ལྷག་པར་དགེས། ང་ཡང་འདི་འདྲ་ཞིག་བྱུང་ན་སྙམ་པ་ལྷང་ལྷང་བྱུང༌། འཇིག་རྟེན་མཐའ་དག་ལ་སྐྱོ་ཤས་དྲག་པོ་མངའ་བས། དབེན་གནས་དང་ཆོས་གྲྭ་ལ་ཐུགས་རིངས་པར་ཆས། མུས་ཆེན་སངས་རིན་གྱི་བུ་ཆེན་ནམ་མཁའ་སངས་རྒྱས་ལྷ་ས་རྫོང་དུ་ཕེབས་པར། རྗེ་འདི་དགུང་ལོ་བཅུ་གསུམ་པར་བར་མ་རབ་བྱུང་དང༌། ཀུན་རིག་དབང་ནོས། མཚན་ནམ་མཁའ་དཔལ་བཟང་གསོལ། ལྷ་རྗེ་སློབ་གཉེར་མ་བྱེད། མདོ་རྒྱུད་ལ་སློབ་གཉེར་