R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༣༥
[A:༣༥]མཛད། རྗེ་སངས་རྒྱས་སེང་གེའི་དྲུང་དུ་ལམ་འབྲས་ཡོངས་རྫོགས་བརྟག་གཉིས་ཀྱི་བཤད་བཀའ་སོགས། ཆོས་དང་འཇིག་རྟེན་གཉིས་ཀའི་བཀའ་དྲིན་སྩལ། ལོ་དེའི་ནག་པ་ཟླ་བའི་ཚེས་ཉི་ཤུའི་ཉིན། མཁན་པོ་རྗེ་སངས་རྒྱས་སེང་གེ །སློབ་དཔོན་རྗེ་ཤར་ཁང་པ། དུས་བསྒོ་བ་བྲང་ཏི་ནམ་མཁའ་དཔལ་བཟང་སོགས་ལས་རབ་བྱུང་མཛད། མཁན་པོའི་ཞལ་ནས་ཁྱེད་རང་གི་ཁུ་མེས་བདག་པོ་ཀུན་དགའ་བཀྲ་ཤིས་ཞུ་བ་ཡག་པོ་ཅིག་བྱུང་བ་དེ་བཞིན་བྱེད་གསུངས་ནས་མཚན་ཀུན་དགའ་བཀྲ་ཤིས་གསོལ། སྦྲུལ་ལོ་ལ་རྗེ་སངས་རྒྱས་སེང་གེ་ཐར་རྩེར་བདེ་བར་གཤེགས། དེ་ཡན་ཆད་རྗེ་སངས་རྒྱས་སེང་གེ་པས་ལུགས་གཉིས་ཀྱི་དབུ་འདོན་མཛད། དེ་ནས་མཚུངས་མེད་དཀོན་མཆོག་དཔལ་ལྡན་ཨེ་ཝཾ་པའི་གདན་སར་ཕེབས་པས་དེ་ཉིད་ཀྱི་ཐུགས་སྲས་སྤྱན་གྱི་འབྲས་བུ་ལྟར་འཚོ་བ་མཛད། དགུང་ལོ་བཅུ་གསུམ་པ་ལྕགས་རྟ་ལ་ཤར་ཁང་པས་མཁན་ཚབ་མཛད་པའི་དྲུང་དུ་གསུང་ངག་སོགས་ཆོས་མང་དུ་གསན། དེ་ནས་རྗེ་དཀོན་མཆོག་དཔལ་ལྡན་པའི་ཆོས་བུམ་པ་གང་འབྱོའི་ཚུལ་དུ་གསན། དགུང་ལོ་བཅུ་དགུ་པ་ལ་རྩེ་གདོང་བདག་ཆེན་ཀུན་དགའ་བདེ་ལེགས་པས་གསོལ་ཆས་ཀྱི་མཐུན་རྐྱེན་དང་བསྙེན་རྒྱས་མཛད། དྲུང་ཡིག་ཀུན་དགའ་ལྷུན་གྲུབ་ཀྱིས་སྒྲུབ་གཡོག་བྱས་ཏེ་ཀྱེ་རྡོར་གཞི་བསྙེན་སྦྱིན་སྲེག་དང་བཅས་པ་མཛད། དེ་ནས་ཨེ་ཝཾ་དུ་ཕེབས་ཏེ་བཞུགས་ས་གཟིམས་ཕྲུག་ཏུ་མཛད། དགུང་ལོ་བཅུ་དྲུག་པ་ནས་བཟུང་སྟེ་གསུང་ཆོས་གསན་པ་དང༌། ཐུགས་སྦྱོང་དང༌། ཐུགས་དམ་མ་ཆག་པའི་ངང་ནས་ཨེ་ཝཾ་པའི་ཟུར་ཆོས་པ་མཛད་དེ། ཁམས་མངའ་རིས་དབུས་གཙང་གི་ཕྱོགས་རྣམས་ནས་འདུས་པ་ལ། གང་འདོད་ཀྱི་ཆོས་འཁོར་བསྐོར་བར་མཛད། རྗེ་དཀོན་མཆོག་དཔལ་ལྡན་གྱིས་རྗེ་འདི་དང་བྲང་ཏི་ནམ་མཁའ་དཔལ་བཟང་གཉིས་ཆར་ལ་བདེ་མཆོག་ནག་པོ་པའི་རྡུལ་ཚོན་དུ་དབང་གནང་ནས། རྗེ་ནམ་མཁའ་དཔལ་བཟང་ལ་བ་སོའི་ཁ་ཊྭཱཾ་ག་དང༌། རྗེ་འདི་ལ་