R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༤༢
[A:༤༢]རྩེར་བསྙེན་པར་རྫོགས། གང་གིས་མཁན་སློབ་དེ་རྣམས་དང༌། གཞན་ཡང་ཞྭ་ལུ་བ་དཔལ་ལྡན་ཆོས་བཟང་ལོ་ཆེན་འགྱུར་མེད་བདེ་ཆེན་དེའི་གཅུང་ངག་དབང་པས་ཁྱེད་ལ་ཕྲིན་ལས་ཆེན་པོ་འོང༌། བེང་དམར་ཚེ་བསྒྲུབ་མཛོད་གསུངས། རལ་ཆེན་དཔལ་འབྱོར་ཤེས་རབ། སྔགས་འཆང་དཀོན་མཆོག་ལེགས་འཛིན། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་པོ། །ཤར་ཆེན་ཀུན་དགའ་བཀྲ་ཤིས། འཇད་ཤར་ཕྱོགས་བླ་མ་བསོད་ནམས་ལྷུན་གྲུབ། རྗེ་དབང་ཕྱུག་རབ་བརྟན་སོགས་ལས་གསན་པ་རྒྱ་མཚོའི་མཐར་སོན། མུས་ཆེན་ནམ་མཁའ་དཔལ་བཟང་གིས་ཆག་ཕྱི་ཡུན་རིང་མཛད། རྡོར་དཀར་གདན་གཅིག་སོགས་དཔྱད་པ་གཙང༌། སྔ་ཕྱིར་བསྙེན་སྒྲུབ་མང་པོ་མཛད། ཨེ་ཝཾ་ཆོས་འཁོར་རྩེར་ཟུར་འཆང་མཛད། དངོས་པོ་གང་བྱུང་ཆུད་ཟོས་སུ་མ་སོང་བར་དགེ་བ་ལ་གཏོང༌། འཛིན་ཆགས་མི་མངའ། དགུང་ལོ་ལྔ་བཅུ་ང་དྲུག་པ་ས་ཕོ་རྟའི་ལོའི་དབྱར་ངོར་གྱི་ཁྲི་ཐོག་ཏུ་ཕེབས། ནག་ཕྱོགས་རྣམས་ཀྱིས་ཐུགས་སོ་བསོད་དུ་མ་བཅུག་པས་ལོ་གསུམ་ཙམ་ལས་བླ་བྲང་དུ་མ་བཞུགས། གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་བདག་མོ་ཧོར་མོ་འདས་པའི་དགོངས་རྫོགས་ལ། ངོར་གསེར་མདོག་ཅན་ཐུབ་བསྟན་སོགས་ས་དགེ་བཀའ་གསུམ་གྱི་ཚོགས་པ་མང་པོའི་དབུ་ལ་རྗེ་འདི་སྤྱན་དྲངས། དེར་བྱུང་བའི་དངོས་པོ་རྣམས་ངོར་བླ་བྲང་དུ་སྦྱོར་འཇགས་མཛད། དེ་ནས་སྒྲུབ་ཁང་དུ་ཕེབས་ཏེ་གདན་ས་པ་ནམ་མཁའ་སངས་རྒྱས་དང་ཤེས་རབ་འབྱུང་གནས་གཉིས་དང༌། གནས་གསར་བ་བསོད་ནམས་མཆོག་ལྡན། ཞ་ལུ་སྨན་ཁང་རིན་ཆེན་བསོད་ནམས་མཆོག་གྲུབ་སོགས་ཀྱི་ཆོས་འཕྲོ་རྫོགས་པར་མཛད། དེ་ཙམ་མ་གཏོགས་ལོ་བཅུ་བཞིར་སྒྲུབ་པ་ཁོ་ན་མཛད་དེ། དགུང་ལོ་དོན་བཞི་པ་མེ་ཕོ་བྱི་བའི་ལོའི་ཧོར་ཟླ་བཅུ་པའི་ཚེས་བཞི་ལ་སྐུ་གཤེགས་མཁན་ཆེན་ཤེས་རབ་འབྱུང་གནས་ཀྱིས་གདུང་ཞུ་གནང༌། དབོན་རིན་པོ་ཆེ་