R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A):
[A:༤]པོའི་རྒྱལ་ཚབ། རྗེ་བཙུན་མུས་པ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ནི། གཡས་རུ་བྱང་གི་ཆ་མུས་སྟོད་སྟག་མོ་གླིང་སྐྱ་ཞེས་པར་ཡབ་དཀོན་མཆོག་བཟང་པོ་དང༌། ཡུམ་ནམ་མཁའ་སྐྱོང་གཉིས་ཀྱི་སྲས་སུ་ས་ཕོ་འབྲུག་ལ་འཁྲུངས། མཚན་དཀོན་མཆོག་དར་ཟེར་རུས་སྡོང༌། རིགས་ཞང་སྟེ་བོད་རྒྱལ་པོའི་སྐུ་ཞང་གི་རིགས་སོ། །ཡབ་མེས་རྣམས་ཀྱང་ཞི་དུལ་དང་ལྡན་ཞིང༌། ཐུགས་རྗེ་ཆེན་པོ་ལ་ཐུགས་དམ་མཛད་ཅིང༌། སྐུ་ཚེ་རིང་པོ་བཞུགས་པ་རེ་བྱུང་གསུང༌། རྗེ་འདི་ཉིད་གཞོན་ནུ་ནས་འཁོར་བ་མཐའ་དག་སྡུག་བསྔལ་མཐའ་མེད་དུ་རྟོགས་ནས། ཆོས་ཀྱི་སྣང་བས་དུས་འདའ་བ་ལ། གཞན་གྱིས་དེའི་དོན་མ་གོ་བར་ཕོ་མ་སྐྱེས་སུ་བྱེད་པ་དང༌། ཨ་རྗེས་སུན་འབྱིན་ཀྱང་བྱས་གསུངས་སོ། །དགུང་ལོ་དགུ་པར་རྒྱལ་སྲས་ཐོགས་མེད་པའི་སློབ་མ། དབང་འོད་བཟང་པོས་མཁན་པོ་དང༌། སློབ་དཔོན་དཔལ་འོད་པ་ལ་དགེ་ཚུལ་གྱི་སྡོམ་པ་ནོས། མཚན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོར་གསོལ། དགུང་ལོ་བཅུ་གསུམ་པ་ལ་ཡུམ་འདས། དེ་ཡན་གླིང་སྐྱར་བཞུགས། དེ་ནས་གླེ་ལུང༌། ངམ་རིངས། གནས་གསར། བོ་དང་པོ་ལ་སྟོད། དངུལ་ཆུ། ས་སྐྱ། ཇོ་ནང༌། དབུས། ཉང་སོགས་གནས་མང་པོར་བྱོན་ཞིང༌། བླ་མ་ནམ་མཁའི་རྣལ་འབྱོར། རོང་སྟོན། རྗེ་གཞོན་ནུ་རྒྱལ་མཆོག་སོགས་དགེ་བའི་བཤེས་གཉེན་བཞི་བཅུ་ཙམ་བརྟེན་ནས། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད། ས་སྐྱ་སོགས་སུ་གྲྭ་སྐོར་མཛད་དེ་མཁས་པར་ཐག་ཆོད། གཅོད་དང་བློ་སྦྱོང་སོགས་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། དགུང་ལོ་སོ་ལྔ་པར་ལྷ་སར་བསྐོར་བ་འབུམ་གཏེར་མཛད། ཡར་ལམ་ཉང་སྟོད་དུ། རེད་མདའ་བའི་བཤེས་གཉེན་བདུན་གྱི་གཙོ་བོ་གངས་ཆེན་ཀུན་དཔལ་གྱི་མཁན་པོ་གནས་རྙིང་དོན་གྲུབ་རིན་ཆེན་དང༌། རྒྱལ་ཚབ་དར་མ་ལས་གསང༌། ཆོས་རྗེ་རྒྱལ་མཆོག་པས་གྲིབ་ཚོད་པ་སོགས། དགེ་འདུན་