R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A):
[A:༧] བླ་མ་གཞན་ཡང་བདག་ཆེན་གྲགས་པ་བློ་གྲོས། མཁན་ཆེན་གཡག་པ། སྤོས་ཁང་རིན་རྒྱལ། ཆོས་རྗེ་བསོད་ནམས་བློ་གྲོས། པཎ་ཆེན་ནགས་རིན། མཁན་ཆེན་ཀུན་དགའ་རིན་ཆེན། ཀུན་མཁྱེན་ཤེས་རབ་དཔལ། ཆོས་རྗེ་དབོན་སྟོན་ཐུབ་པ། ཆོས་རྗེ་གྲགས་པ་དོན་གྲུབ་སོགས་བླ་མ་མང་པོར་ཆོས་གསན། དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཀུན་དགའ་བཟང་པོའི་ཞབས་དྲུང་དུ་དགུང་ལོ་སོ་བཞི་པ་བྱ་ལོར་ཨེ་ཝཾ་ཆོས་ལྡན་འདེབས་པ་དང་མཚུངས་པར་བསྙེན། གདམས་ངག་བཀའ་ཆོས་ཐམས་ཅད་བུམ་པ་གང་འབྱོར་གསན། ལམ་འབྲས་ཚར་བཅུ་གསུམ་གསན། ཉང་སྟོད་དགོན་གསར་དུ་རོང་སྟོན་མཇལ་བར་ཕེབས་དུས་ཛ། སྣ་རྗེ་ལ་གནང་ནས་རྟེན་འབྲེལ་བསྒྲིགས། སྣར་ཐང་དུ་གྲྭ་ཚང་ཟུར་དུ་གནང༌། མཁས་པ་ལྷུན་གྲུབ་གྲགས་པ་ལ་སྩལ། རྗེ་ཉིད་ཨེ་ཝཾ་ཁོ་ནར་བཞུགས། རྗེ་རྡོ་རྗེ་འཆང་དགུང་ལོ་ང་གཉིས་པ་ལ་མངའ་རིས་སུ་གདན་དྲངས། རྗེའི་སློབ་མ་དྲག་ཤོས་ཅིག་ཐུབ་བསྟན་དར་རྒྱས་གླིང་དུ་རྗེའི་བཞུགས་ཁྲི་ལ་འཇོག་དགོས་ཚུལ་བྱུང་བ་ལ། རྗེ་འདི་ལ་བསླབ་སྟོན་གནང་སྟེ། འཕགས་པ་རིན་པོ་ཆེའི་བེར་ཐུལ་དང་ཆོས་དུང་སོགས་གནང་སྟེ་རྟེན་འབྲེལ་འགྲིགས། ཡབ་སྲས་གཉིས་ཀྱིས་ཆོས་འཁོར་རྒྱ་ཆེན་པོ་བསྐོར། ས་མོ་སྦྲུལ་ལོ་ཟླ་བ་དྲུག་པ་ལ་རྡོ་རྗེ་འཆང་ཆེན་པོ་ཨེ་ཝཾ་ལ་འབྱོན་ཁར། ཁྱེད་རང་རེ་ཞིག་འདིར་བསྟན་པའི་བྱ་བ་མཛོད། དེ་ནས་ཨེ་ཝཾ་གྱི་གདན་ས། སློབ་དཔོན་དཀོན་མཆོག་རྒྱལ་མཚན། ཁ་ཆར་མཁན་པོ་ཉིད་ཅག་གསུམ་སྐུ་ཚེ་གང་རིང་ཡིན། དེ་མཚམས་ཀུན་དགའ་དབང་ཕྱུག་འོས་ཡིན་གསུངས། རྗེ་འདི་མངའ་རིས་སུ་རྡོ་རྗེ་འཆང་ཆེན་པོ་དང་ཚུལ་མཚུངས་འགྲོ་དོན་མཛད་དེ། ཐུབ་བསྟན་དར་རྒྱས་གླིང་དུ་ལོ་བཅུ་གཅིག་བཞུགས། སླར་མེ་གླང་ལ་རྗེའི་སྐུ་གདུང་མཇལ་བ་སོགས་ལ་ཨེ་ཝཾ་དུ་བྱོན། རྒྱལ་ཚབ་དམ་པ། དཀོན་མཆོག་རྒྱལ་མཚན་ལ་འབུལ་བ་དང༌། དགེ་འདུན་བསྙེན་བཀུར་སོགས་རྡོ་རྗེ་འཆང་