[A:༩]བཅོས་ལ་སོགས་པ་དང༌། གསན་ཡིག་དགོས་པ་ཀུན་འབྱུང་སོགས་མང་པོ་དང༌། སློབ་མ་ཆེ་བ་ཤར་པ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུའི་དབོན་པོ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག །ཁ་ཆར་བ་བསོད་ནམས་རྒྱལ་མཚན། མཁས་གྲུབ་དཔལ་རྡོར་བ། སྤྱན་སྔ་ཀུན་དགའ་རྡོ་རྗེ་སྐུ་མཆེད། བྱམས་ཆེན་མཁན་པོ་ཆོས་རྗེ་ཀུན་དགའ་བཀྲ་ཤིས། ཆུ་འདུས་མཁས་བཙུན་ཡོན་ཏན་རྒྱ་མཚོ། པཎ་ཆེན་ཤཱཀ་མཆོག །ཉག་བྲེ་ཡོན་ཏན་འོད་ཟེར་གྲགས་པ་རིན་ཆེན། རྐྱང་ཐུར་མཁན་པོ་དཀོན་མཆོག་དཔལ། སློབ་དཔོན་བསོད་ནམས་དབང་ཕྱུག །ཨ་གར་ཆོས་རྗེ་གྲགས་པ་དཔལ་བཟང༌། མཁས་པ་ལྷུན་གྲུབ་གྲགས་པ། ཐུབ་བསྟན་དར་རྒྱས་གླིང་གི་མཁན་པོ་ཡོན་ཏན་ཆོས་རྒྱལ། བྱམས་གླིང་མཁན་པོ་ཡོན་ཏན་ཚུལ་ཁྲིམས་རྒྱལ་མཚན། སྡེ་སྣོད་འཛིན་པ་ལེགས་པའི་ཤེས་རབ། སྟེང་ཆེན་མཁན་པོ་ནམ་མཁའ་དཔལ་བཟང༌། པཎ་ཆེན་གྲགས་རྒྱལ། ཆོས་འཁོར་རྒྱལ་བྱེད་ཚལ་གྱི་མཁན་པོ་ཤེས་རབ་འབུམ་ལ་སོགས་པ་རབ་ཏུ་མང་ངོ༌། །བསྟན་པའི་སྦྱིན་བདག་ཨ་མགོན་བཟང་པོ་སྐུ་མཆེད་ཡབ་སྲས་རྣམས་དང༌། ཆུ་འདུས་བདག་པོ་སོགས་སོ། །དགུང་ལོ་བདུན་ཅུ་ས་བྱའི་ལོར་རྒྱལ་བ་ཡབ་སྲས་གསུམ་གྱིས་མགྲིན་གཅིག་ཏུ་དབང་བསྐུར་བ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ཨེ་ཝཾ་བཞུགས་ཁྲི་ལ་མངའ་གསོལ། རྗེ་ཉིད་ཨེ་ཝཾ་གཟིམས་ཁང་འོག་ཏུ་ཐུགས་དམ་ལ་བཞུགས། དགུང་ལོ་བདུན་ཅུ་དོན་དགུུ་ས་རྟ་དགུན་ཟླ་ར་བའི་ཚེས་གསུམ་ལ་བསྙུང་བ་མེད། འདའ་ཀ་མ་གསལ་བཏབ་སྟེ་སྐུ་གཤེགས་པའི་ཚུལ་བསྟན། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གིས་ཞུ་འབུལ་དང༌། གཤེགས་རྫོངས་ཡང་དག་པར་མཛད་དེ། རྒྱས་པར་རྭ་སྟོན་ཡོན་ཏན་དཔལ་བཟང་གིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ནི། ཆོས་རྗེ་རྡོ་རྗེ་འཆང་དང་གདུང་རིགས་གཅིག་པ། ཆོས་རྗེ་ཤར་པ་ཡེ་ཤེས་རྒྱལ་མཚན་གྱི་གསོལ་