[A:༥༠༩]ལུས་པར་ལེགས་པར་བཅད། སྔ་ཕྱིར་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས་པུ་སྟི་ལྔ་བརྒྱ་ལྷག་ཙམ་སྤྱན་སྔར་བསྟར་བའི་ཚིག་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་ལ་ཆུད་པར་མཛད་པས། ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་གྱུར་ཏོ། །སྒོམ་པ་ཉམས་སུ་བླང་བའི་ཚུལ་ནི། རྒྱུན་དུ་ཀྱེ་རྡོ་རྗེ། རྡོ་རྗེ་བདག་མེད་མའི་བསྐྱེད་རྫོགས་ཀྱི་བཟླས་བསྒོམ། བླ་མ་རིན་འབྱུང༌། བིར་སྲུང་ཕྱི་ནང༌། ལམ་ཟབ་བླ་མའི་རྣལ་འབྱོར་ཕྱི་ནང༌། ཨུརྱན་བླ་མའི་རྣལ་འབྱོར་སོགས་བླ་མའི་རྣལ་འབྱོར་དུ་མ། མཁའ་སྤྱོད་མ་རྡོ་རྗེ་འཇིགས་བྱེད། དམར་པོ་སྐོར་གསུམ། བདེ་མཆོག་ལུ་ནག་དྲིལ་གསུམ། འཇམ་དབྱངས་དཀར་སེར། སྨྲ་སེང༌། དབྱངས་ཅན་མ། ཚེ་དཔག་མེད་དཀར་དམར། ཚེ་དཔག་ཞག་བདུན་མ། སྒྲོལ་མ་དཀར་ལྗང༌། སྤྱན་རས་གཟིགས་ཕྱག་བཞི་པ། བཅུ་གཅིག་ཞལ། འཇམ་དཔལ་ནག་པོ། །ནོར་རྒྱུན་མ། མགོན་པོ་བྲག་རྫོང་མ་ཕྱི་ནང་ཡང་གསང་བཅས། ཞལ་བཞིའི་ཚེ་སྒྲུབ་སོགས་སྒྲུབ་ཐབས་དུ་མ་དང༌། ཨོ་རྒྱན་བླ་མའི་རྣལ་འབྱོར་ཞི་དྲག །གཞན་ཡང་ཡི་དམ་ཆོས་སྐྱོང་རྣམས་ལ་མཆོད་གཏོར་བསྐང་བཤགས་ཀྱི་རིམ་པ། འཇམ་སྡུད་སྨོན་གསུམ། ནོར་བུའི་ཕྲེང་བ་སོགས་ཆོས་སྤྱོད་གཏོར་མའི་རིམ་པ་དཔག་ཏུ་མེད་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག །སཱཙྪ། ཕྱག་དང་བསྐོར་བ་སོགས་ཐུགས་དམ་ཁོ་ནས་ཉིན་མཚན་དུས་འདའ་བར་