R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༡༠
[A:༥༡༠]མཛད་དོ། །གཞན་ཡང༌། དཔལ་ཀྱེ་རྡོ་རྗེ། འཁོར་ལོ་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་གཞིའི་བསྙེན་པ་སྦྱིན་སྲེག་བཅས། ན་རོ་མཁའ་སྤྱོད་ཀྱི་བསྙེན་པ་འབྲུ་འབུམ་དང་བཞི་འབུམ། རིག་བྱེད་མ། མགོན་དཀར། རྡོ་རྗེ་འཇིགས་བྱེད། ལས་གཤིན། གུར་གྱི་མགོན་པོ་བྲག་རྫོང་མ། ལྷ་དགུ་གསང་ཁྲིད་ལྟར་ལྕམ་དྲལ་བཀའ་སྡོད་ལྟར་གྱི་བསྙེན་པ། འབྱུང་འདུལ། མི་གཡོ་བ། འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ། །དབྱངས་ཅན་དཀར་མོ། །སྨྲ་བའི་སེང་གེའི་རིལ་བུ་སྒྲུབ་པ་དང་བཅས། །སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་ཕྱག་བཞི་པ། ཀུན་རིག །འཆི་བདག་འཇོམས་པ། ཚེ་དཔག་མེད་ལྷ་དགུ །གྲུབ་རྒྱལ་ལུགས། ཞག་བདུན་མ། སྒྲོལ་མ་དཀར་མོ། སྒྲོལ་མ་དམར་མོ། ལྷ་མོ་ཏེ་ནུ། མི་འཁྲུགས་པ། རྣམ་འཇོམས་པ་རི་ལུགས་ལ་སོགས་པ། ཡི་དམ་དཔག་ཏུ་མེད་པའི་བསྙེན་སྒྲུབ་སྦྱིན་སྲེག་དང་བཅས་མཐར་ཕྱིན་པར་མཛད་ཅིང༌། མདུན་བསྐྱེད་ལ་བརྟེན་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་སྒྲུབ་མཆོད་བདག་འཇུག་བླང་བ་བརྒྱ་ཕྲག་སོགས་དང༌། ཡུམ་གྱི་དོན་དུ་ཀུན་རིག་གི་སྒྲུབ་མཆོད་བརྒྱ་ཕྲག་དུ་མ་དང༌། ཞལ་ནས་གསུངས་པ་རང་མཚན་བརྗོད་ཁྲི་ཕྲག་སྨོན་ལམ་འབུམ་ཕྲག་ལྷག་ཙམ། མ་ཎི་དུང་ཕྱུར་གཉིས་གསུངས་པ་སོགས་བརྗོད་ཀྱིས་མི་ལང་ཞིང་ཞིབ་པ་རྣམ་ཐར་རྒྱས་པར་ཤེས་སོ། །རྗེ་བླ་མ་འདི་སྐུ་ན་ཆུང་ངུའི་དུས་ནས་སྔོན་གྱི་ལས་འཕྲོ་