R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༣༣
[A:༥༣༣] བསྟན་པའི་སྦྱིན་བདག་ས་སྐྱོང་སྡེ་དགེ་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ཆིབས་ཀྱི་ཁ་ལོ་དབུས་གཙང་དུ་བསྒྱུར་ཏེ། ཆོས་གྲྭ་ཆེན་པོ་ཨེ་ཝྃ་དུ་ཕེབས། འབུལ་འགྱེད་བསམ་གྱིས་མི་ཁྱབ་པ་དང༌། དབང་ལུང་མན་ངག་མཐའ་དག་གསན་ནས་མདོ་ཁམས་སུ་ཆིབས་བསྒྱུར་སྐབས་སྡེ་དགེར་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་ཞིང་འདིའི་གདུལ་བྱའི་དོན་རེ་ཞིག་རྫོགས་པས་ཞིང་གཞན་དུ་མཛད་པ་རྒྱུན་མི་ཆད་པའི་འགྲོ་བའི་དོན་ལ་ཕེབས་པའི་སྐོར་སྡེ་དགེ་ནས་བརྫངས་པའི་བང་མི་ལྷ་ལྡན་དུ་འབྱོར་ཐོག །དེ་གའི་གདན་ཚབ་ཏུ་བདག་དཔལ་ལྡན་ཆོས་སྐྱོང་འོང་དགོས་ཀྱི་གནས་ཚུལ་གཞུང་ས་མཆོག་ཏུ་ཞུས་པར་མི་དབང་ཆེན་པོས་རེ་སྨིན་གྱི་བཀའ་ཤོག་ཕེབས་པར་བརྟེན་ཨེ་ཝྃ་པའི་བླ་སྤྱི་ཐམས་ཅད་ནས་ཐུགས་བཞེད་ཆིག་སྒྲིལ་གྱིས། སླར་ཡང་ཨེ་ཝྃ་ཆོས་ཁྲི་ག་ལ་བ་དེར་ཕེབས་དགོས་པར་གསོལ་བ་བཏབ་པས་ཐུགས་བསྐྱེད་བླ་ན་མེད་པས་བསྟན་དང་འགྲོ་ལ་བརྩེ་བའི་སྒོ་ནས་དེ་འཕྲལ་ཞལ་གྱིས་བཞེས་ཏེ། ཐ་སྐར་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཀྲ་ཤིས་པའི་དུས་ཚོད་ཉི་ཤར་ཙམ་ལ། འདུས་པ་རྒྱ་མཚོའི་དབུས་སུ་རྡོ་རྗེ་འཆང་ཆེན་པོའི་ཁྲི་ལ་ཕེབས་ཏེ་ལེགས་འབུལ་དང༌། དེ་ནས་རིམ་གྱིས་གཟིམས་ཆུང་གཡབ་ཆེན་དུ་མཁན་ཆེན་དཔོན་སློབ་དང་གཞུང་ས་སྐྱའི་སྐུ་ཚབ་བཅས་ལ་ཞལ་དཀར་འབུལ་བ་དགའ་སྟོན་གྲུབ་འཕྲལ། འཇིག་རྟེན་མགོན་པོ་ཕྱག་ན་པདྨའི་རྣམ་འཕྲུལ་བརྩེ་ཆེན་ཀུན་དགའ་སྙིང་པོའི་དུས་མཆོད་ས་བསྐོར་ལ། བདག་དགེ་སློང་དཔལ་ཆོས་འདུས་པ་རྒྱ་མཚོ་དང་བཅས་པའི་མཆོད་པའི་རྣམ་གྲངས་དུ་མས་མདུན་བསུས་ཏེ་རྗེ་ཉིད་