[A:༥༤༤]བའི་དམ་ཚིག་རྡོ་རྗེ་དྲིལ་བུ། མཆོད་ཞལ། འཕྲལ་གྱི་གསོལ་ཆས་ཀྱི་མཐུན་རྐྱེན་དུ་དངུལ་སྲང་བཅོ་ལྔ། གུར་གུམ་ཐུམ་ཆུང་གཅིག །སྐུ་ལ་གསོལ་བའི་ན་བཟའ་ཙམ་མ་གཏོགས། གཞན་དངོས་རྫས་དར་ཁ་གང་དུ་ལོངས་པ་ཡང་མ་བསྣམས་པར་རྗེ་གོང་མ་རྣམས་ཀྱི་དུས་མཆོད་ཀར་མེར་དམིགས་ནས་བླ་བྲང་དུ་སྦྱོར་འཇགས་མཛད་ཅིང༌། སྦྲུལ་ལོར་འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ་ལ་གདན་ས་རྩིས་འབུལ་གནང་ནས། སྒྲུབ་ཁང་བླ་བྲང་དུ་ཆོས་འཁོར་རྩེར་ཟུར་དུ་བཞུགས། ཐུགས་དམ་བཤད་སྒྲུབ་ལ་ཆིག་སྒྲིལ་མཛད་བཞེད་ལ། སྡེ་དགེ་ནས་ས་སྐྱོང་བསྟན་པ་ཚེ་རིང་གིས་སྤྱན་འདྲེན་པའི་ཕོ་ཉ་བྱུང་སྟེ་ནན་ཆེར་གསོལ་བ་བཏབ་པ་དང༌། ས་སྐྱ་ནས་ཀྱང་བཀའ་སྩལ་གནང་བར་བརྟེན། སྤྲེལ་ལོར་ཤར་ཕྱོགས་སུ་ཆིབས་ཁ་བསྒྱུར་ནས་བྱང་ལམ་བརྒྱུད་དེ་ཕེབས་པས། ལམ་བར་རྣམས་སུ་བླ་ཆེན་དཔོན་ཆེན་དགོན་སྡེ་མི་དམངས་སོགས་ཆེས་མང་བས། མཆོད་པའི་ཡོ་བྱད་སྣ་ཚོགས་དང་བཅས་བསུ་བ་སེར་ཕྲེང་དང་འབུལ་ནོད་རྒྱ་ཆེན་པོ་ཕུལ་ཞིང་རིམ་གྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་དང་ཟུང་དུ་འབྲེལ་བའི་ཆོས་ཁྲིར་ཕེབས། ས་སྐྱོང་དབང་པོས་འབུལ་ཚན་སྟོང་ཕྲག་གིས་གཙོས་མངའ་འོག་ཐམས་ཅད་ཀྱིས་འབུལ་བ་བསྙེན་བཀུར་ཚད་མེད་པ་ཕུལ། རྗེ་ཉིད་ནས་ཀྱང་གདུལ་བྱ་རྣམས་ཀྱི་བློ་དང་འཚམ་པའི་དམ་པའི་ཆོས་ཀྱི་དགའ་སྟོན་སྩལ་ཞིང༌། རྗེ་ཉིད་ཀྱི་ཞལ་ནས་བདག་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་སློབ་མའི་ཐ་ཆུང་ཙམ་ལགས་པས། རང་རེ་མཆོད་ཡོན་རྣམས་ཀྱང་དམ་པ་དེའི་མཛད་ཕྲིན་གྱི་རྒྱུན་ཅི་ནུས་བསྐྱང་དགོས་གསུངས་པར་བརྟེན། ས་སྐྱོང་ཆེན་པོ་