R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༤༦
[A:༥༤༦]གཉིས། གོས་ཆེན་ཁྱད་དུ་འཕགས་པའི་བླ་བྲེ་བཅུ་ཕྲག་གཉིས། གཞན་ཡང་མཆོད་རྫས་གོས་དར་རས་སོགས་བསམ་གྱིས་མི་ཁྱབ་པ་བཅས་འབུལ་བ་བསྙེན་བཀུར་རྒྱ་ཆེན་པོ་ཕུལ་ཞིང༌། ཨེ་ཝྃ་བླ་བྲང་གི་ལྷ་ཁང་གསར་པའི་སྟེང་དུ་ཟངས་གསེར་གྱི་རྒྱལ་མཚན་ཆ། གཉྫིར་ཆེ་ལེགས། བླ་བྲང་མཛོད་ནག་དུ་ཨིནྡྲ་ནཱི་ལའི་ཕྲེང་བ་རྒྱན་ལྡན་གཙོས་མཆོད་རྫས་དུ་མ་སྦྱོར་འཇགས་སོགས་མཛད་པ་རླབས་ཆེན་དང༌། གཞན་ཡང་དཔལ་དགེས་པ་རྡོ་རྗེའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཟླ་ཟེར་གྱི་པར་གསར་དུ་བཞེངས་པ་དང༌། རྒྱལ་བའི་བཀའ་འགྱུར་རོ་འཚལ་པར་བཏབ་ནས་བཞེངས་པ་སོགས་བཤད་སྒྲུབ་ཀྱིས་དུས་འདའི་རྨད་དུ་བྱུང་བའི་མཛད་པ་དཔག་ཏུ་མེད་པས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ས་མོ་ལུག་གི་ཟླ་བ་གཉིས་པའི་ཚེས་ཀྱི་ཉིན་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན། གདུང་ཞུགས་འབུལ་རྗེ་ཉིད་ཀྱི་དབོན་འཇམ་དབྱངས་ཆོས་ཀྱི་བླ་མ། རྡོ་རྗེ་འཛིན་པ་བཀྲ་ཤིས་བཟང་པོ། བསྟན་འཛིན་འབྱུང་གནས། ནམ་མཁའ་དཔལ་བཟང་རྣམས་ཀྱིས་མཛད་དེ། གདུང་འབུམ་རིན་པོ་ཆེ་དང་བཞུགས་གནས་ལྷ་ཁང་གསར་བཞེངས། དུས་མཆོད་རྒྱུན་འཛུགས་སོགས་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་སྒྲུབ་པ་དང༌། སླར་ཡང་དབོན་འཇམ་དབྱངས་ཆོས་ཀྱི་བླ་མ། མཛོད་དམ་ཆོས་བཅས་གདན་ས་གོང་འོག་ཏུ་བྱོན་ཏེ། འབུལ་ནོད། མང་འགྱེད་བཅས་གྱ་ནོམ་པ་དང༌། ལམ་འབྲས་སུ་ཁ་བསྐངས་སྐུ་བརྙན་གསེར་ཟངས་ལས་བསྐྲུན་པ་མདའ་ཚད་ཁྲི་རྒྱབ་ཡོལ་བཅས་ཀྱི་མདུན་དུ་མཆོད་