R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༤༩༩
[A:༤༩༩]ཆུང་པ་ཕྲིན་ལས་ཕུན་ཚོགས་ཀྱི་དྲུང་དུ་བྱོན་ནས། ཕས་མི་འདོད་པའི་བུ་བདག་མེད་ཅིག་བཙས་འདུག་པ། དེ་ལ་མིང་ཞིག་ཞུ་ཞུས་པས། དེ་ཉིད་ཀྱིས་མིང་ལ་བདག་མེད་གྱིས་གསུངས་ནས་མཚན་བདག་མེད་དུ་གསོལ། །སྐུ་ན་ཆུང་ངུའི་དུས་སྐྱེ་བ་སྔོན་མ་ཐུགས་ལ་མངའ་ཞིང་ཞལ་ནས་མ་ཎི་གསུངས་པ་སོགས་བྱིས་པའི་སྤྱོད་པ་སྤངས་ཏེ་ཆོས་འཆད་པ་སོགས་ངོ་མཚར་བའི་སྤྱོད་པ་མང་དུ་མངའ་ཞིང༌། དགུང་ལོ་བརྒྱད་པར་འཆར་སྟོན་ཕྲིན་ལས་ཕུན་ཚོགས་ཀྱིས་བཀའ་བསྒོ་དང་བྱིན་རླབས་མཛད་དེ། བར་ཆད་བསལ་ཞིང་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིགས། །དགུང་ལོ་བཅུ་གསུམ་ལ་གྲུབ་ཆེན་སངས་རྒྱས་ལྷུན་གྲུབ་ལ་གཙུག་ཕུད་ཕུལ་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་པས་མཚན་སངས་རྒྱས་ཕུན་ཚོགས་ཞེས་གསོལ་ཞིང༌། གཉགས་སྟོན་རྡོ་རྗེ་ཕུན་ཚོགས་ལ་ཀ་སྨད་བསླབས་ནས་བརྩམས་ཡི་གེ་འདྲི་ཀློག་ཐམས་ཅད་བརྡ་བསྟན་པ་ཙམ་གྱིས་མཁྱེན། ངོར་གྱི་བྱ་ཇ་ཆོས་སྤྱོད་ནས་བཟུང༌། རྒྱུད་ཆུང་བཞི་མན་ངག་རྣམ་བཤད་སོགས་གཞུང་ཕལ་ཆེར་དཀའ་ཚེགས་མེད་པར་མཐར་ཕྱིན་པ་མཛད། དེ་སྐབས་ཀྱང་དབྱར་ཉ་བསྲུངས་སོགས་དགེ་བ་ཁོ་ན་སྤེལ་བར་མཛད་དོ། །དགུང་ལོ་བཅུ་དྲུག་གི་ཐོག་མཁས་བཙུན་ཀུན་དགའ་ལེགས་པ་ལས་རབ་ཏུ་བྱུང༌། བཀའ་ཆོས་ཀྱང་མང་དུ་གསན། ཉེར་གཅིག་པ་ས་མོ་བྱ་ལོར་གྲུབ་ཐོབ་སྐོ་ཕྲུག་པ་ཀུན་དགའ་ལྷུན་གྲུབ་དང་མཇལ་ནས། དཔོན་སློབ་གཉིས་ཀས་འབྲོག་པ་ཞིག་གི་བླ་མ་མཛད་