R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༩
[A:༥༦༩]བསྟན་པ་རྒྱལ་མཚན། དགེ་སློང་བསོད་ནམས་དར་རྒྱས་སོགས་བསྟེན་ནས་ངོར་གྱི་ཆོས་སྤྱོད། རྒྱུད་ཆུང་གསུམ། གསུང་རབ་དགོངས་གསལ་དབྱར་ཆོས་སོགས་སྒྲིག་ལམ་ཐམས་ཅད་མཛད། མེ་ལུག་ལོར་བྱམས་པ་བསོད་ནམས་བཟང་པོ་གློ་བོར་ཆིབས་བསྒྱུར་གནང༌། ཁང་གསར་དུ་དབོན་འདི་དང་ཞང་པོ་ཆོས་རྗེ་གཉིས་ཀྱི་འཛིན་རྒྱུར། ཞང་པོ་ཆིབས་སྐྱེལ་བསུར་ཕེབས་སྐབས་རྣམས་སུ། ཕན་ཁང་གི་སྐུ་ཞབས་དཔལ་ལྡན་ཆོས་སྐྱོང་གི་སློབ་དཔོན་དང༌། གཉེར་ཚང་གི་ཐུགས་འགན་བཞེས། ས་བྱ་ལོར་ཁུ་བོ་ཡང་ཕེབས་གྲུབ་ཅིང༌། སྣང་གསུམ་སོགས་ཐུགས་གཉེར་མཛད། ཀྱེ་རྡོ་རྗེ་ལྗགས་བསྙེན་སོགས་བཞུགས། དགུང་ལོ་བཅུ་དགུ་པ་ཡོངས་འཛིན་ཞེས་པ་ཆུ་བྱ་ལོ་ནག་པ་ཟླ་བའི་ཕྱོགས་སྔ་མའི་རྒྱལ་བ་གཉིས་པ་གཟའ་སྐར་འགྲུབ་སྦྱོར་བཟང་བའི་ཉིན། ཨེ་ཝྃ་བླ་བྲང་དུ་མཁན་པོ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོ་དང༌། མཚུངས་བྲལ་མི་ཉག་དབུ་མཛད་སངས་རྒྱས་ཚུལ་ཁྲིམས་ལས་སློབ། བཤེས་གཉེན་ཆོས་འཕེལ་རྣམ་རྒྱལ་གསང་ཏེ་སྟོན་པ། འདུལ་བ་འཛིན་པ་དཔལ་ལྡན་རྒྱ་མཚོ་གྲིབ་ཚོད་པ། གྲོགས་ལྡན་པ་དགེ་སློང་དཀོན་མཆོག་བཟང་པོ་སོགས་དད་པའི་དགེ་སློང་ཁ་བསྐང་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་སོ། །དེ་ནས་བཟུང་དགེ་སློང་གི་སྡོམ་པ་རྣམ་དག་མིག་འབྲས་ལྟར་གཅེས་པ་བསྲུངས། གཞན་ཡང་དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་བློ་གྲོས་རྒྱ་མཚོ། བྱམས་པ་བསོད་ནམས་