R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༨༦
[A:༥༨༦]ན། །འཇམ་རྩུབ་ཇི་ལྟར་བྱས་ཀྱང་རུང༌། །ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུ་ཐུབ་པས་མ་གསུངས་སོ། །ཞེས་པའི་དོན་ཡིད་ལ་འཇགས་པར་བྱས། བསྟན་དོན་ལ་རྒྱར་གནོད་ངེས་ཀྱི་གནད་མཚམས་གལ་པོ་ཆེར་མི་བྱེད་དབང་མེད་བྱུང་ན་མ་གཏོགས། མཐུ་མདོ་སྒྲུབ་འདི་ཡང་མང་ན་རང་གཞན་ཀུན་ལ་གནོད། དགའ་མི་དགའ་ཅུང་ཟད་རེའི་ཆེད་དུ་དྲག་ལས་བྱེད་པ་ནི། རང་བསམ་པ་ངན་པའི་རྟགས་སུ་གོ །ཁ་བསྟན་དོན་ལ་རྒྱར་སྙད་བཏགས་ནས། །དོན་རང་གི་ཆེད་དུ་མཐུ་མདོ་སྒྲུབ། །གཞན་བརླག་ཕྱིར་བྱེད་པ་འདི་རིགས་ལ། །རྒྱུ་བདེན་པའི་འབྲས་བུ་སྨིན་པ་བདེན། །ཞེས་ཀྱང་སྨྲས་སོ། །སྤྱོད་འཇུག་ལས། ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །ཞེས་པ་ལྟར་རང་ཉིད་ལུས་གཅོད་པ་དང༌། བློ་རྨོངས་པ་སོགས་གང་སྤྱིའི་ཐད་ནས་ས་སྟོང་བཀག་ནས་སྡོད་པ་ཙམ་མ་གཏོགས་བསྟན་པ་ལ་ཕན་སླེབས་ཆེ་བ་ཞིག་མི་འདུག་པ་ནས། རྗེ་ས་པཎ་གྱིས། གང་ཞིག་ཤེས་པའི་བྱ་བ་བསྐོ། མི་ནུས་པ་ལ་འགའ་མི་སྦྱར། །ཆུ་ལ་ཤིང་རྟས་མི་བགྲོད་ན། །ཐང་ལ་གྲུ་ཡིས་ཇི་ལྟར་བགྲོད། །ཅེས་པ་ལྟར། ངེད་རང་མི་ལྕོགས་པས་དགོངས་ཁྲོལ་ཞུས་ཤིང༌། ཆོས་རྗེ་སངས་རྒྱས་ཡེ་ཤེས་པ་ཆོས་འཆད་ཉན། ཞི་དུལ་གྱི་ཡོན་ཏན་སོགས་གང་ཅིའི་མཚམས་ནས་མཁན་པོའི་འོས་སུ་འདུག་པ་བཞིན། སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ་ཆོས་ཁྲིར་མངའ་གསོལ་ཡང༌། མདོ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་