R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༨༧
[A:༥༨༧]བ་མང༌། །ཞེས་གསུངས་པ་བཞིན། རང་ཅག་བསོད་ནམས་དམན་པས་བར་ཆད་ཀྱི་དབང་དུ་སོང་བ་བྱ་ཐབས་བྲལ་ཞིང༌། འཁོར་བའི་ཆོས་ཉིད་ལ་ཡིད་སྐྱོ་བར་གྱུར་ནས། རང་ཉིད་ལ་སྨྲས་པ། ནམ་ཤི་འགྲོ་ངེས་པ་མ་མཆིས་ཤིང༌། །ཤི་སོང་ན་གར་སྐྱེའི་ངེས་པ་ཅི། །དུས་ད་ལྟར་རང་དབང་ཡོད་སྐབས་སུ། །ལས་དགེ་སྡིག་བླང་དོར་ཚུལ་བཞིན་མཛོད། །ཅེས་ཀྱང་སྨྲས་སོ། །དཔེ་ཆོས་རིན་ཆེན་སྤུངས་པ་ལས། བླ་མའི་གདམས་ངག་ཐམས་ཅད་མ་ལུས་པར་ཤེས་སྙམ་ཡང༌། ད་དུང་བརྒྱ་ཚར་སྟོང་ཚར་ཞུས་པས། ཐེབས་རེ་དང་ཐེབས་རེ་མི་འདྲ་བར་བློ་ལ་བསྐྱེད་དང་ཕོགས་མི་ཡོང་མི་སྲིད། ཅེས་གསུངས་འདུག་པ་བཞིན། ཐོས་བསམ་རྒྱ་ཆེན་པོ་བྱ་བ་ཤིན་ཏུ་གལ་ཆེ་ཡང༌། རང་ཉིད་ལུས་གཅོང་ལེ་ལོ་དང་མི་ནུས་པ་འདི་གཉིས་དབང་ཆེ་དྲག་ནས། ཐོས་བསམ་བསྒོམ་གསུམ་ཡིད་ཆེས་པ་ཞིག་བྱ་རྒྱུ་མ་བྱུང༌། བརྩོན་འགྲུས་རྒྱལ་ཆེན་དཔོན་གཡོག་རྣམས་འདིར་ཕེབས་དང་བསྟུན་ནས་དགའ་མོ་ཡོང་ལ་རེ་ཆེ་ཞིག་ཡོད། ཡིད་སྨོན་འགྲུབ་པ་བླ་མ་དཀོན་མཆོག་མཁྱེན། གཤིན་གསོན་གྱི་དཀོར་གྱི་མུན་པ་འདི་ཤིན་ཏུ་ལྕི་བ་ཞིག་འདུག །འོན་ཀྱང་བསྔོ་སྨོན་གྱི་ཉི་མ་ཤར་ན་བློ་བདེ་འབོལ་གྱི་འགྲོ་འདུག་པ་རྟེན་འབྲེལ་གྱི་ཆོས་ཉིད་དུ་གདའ། ལྷག་པར་གཤིན་པོའི་བསྔོ་རྟེན་བྱུང་སྐབས། དཔལ་འཕགས་པ་སྤྱན་རས་གཟིགས་དབང་མཁྱེན། །བདག་རིན་ཆེན་མི་འགྱུར་རྒྱལ་མཚན་ལ། །བློ་གཏད་པའི་གཤིན་གསོན་མང་པོ་ཡོད། །ཀུན་ཁྱེད་ཀྱིས་ཐུགས་