R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༨༩
[A:༥༨༩]བོའི་བླ་མ་ནས་མིང་ཉི་མ་བཏགས་ཤིང༌། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་གྱི་དབོན་པོར་གཏོགས་པ། ཁུ་བོ་བླ་མ་སྐུ་མཆེད་གཉིས་ཡོད་པ་ལས། གཅེན་ལ་ཀུན་དགའ་ཤེས་རབ་ཟེར་ཞིང༌། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་གྱི་སློབ་མ་དགུང་ལོ་བརྒྱད་ཅུ་ཙམ་བཞུགས་པའི་གྲུབ་ཐོབ་ཅིག་སྟེ་ཞལ་འདོན་ལ་ཤིན་ཏུ་བརྩོན་པའི་ལྗགས་སྔགས་དང་ལྗགས་ཆུ་ཙམ་གྱིས་ཡང་སེམས་ཅན་ནད་གདོན་ལས་གྲོལ་ཞིང༌། སྐུ་གཤེགས་ཚེ་སྙུན་གཞི་གང་ཡང་མེད་ཀྱང་གདུང་ཁང་བརྩིགས་ནས་དེ་ནང་དུ་བཞུགས་ཏེ་སྐུ་མདངས་ཀྱང་སྔར་གྱི་དེ་འགྱུར་ནས་དཀར་པོར་གྱུར་ཞིང༌། སྐུ་གདུང་གི་མེ་མཆོད་འབུལ་ལུགས་སོགས་རྗེས་ཀྱི་བྱ་བ་རྣམས་མཁན་ཆེན་རང་གི་གཅེན་པོ་རྣམས་ལ་ཞལ་བསྒོས་བགྱིས་ཏེ་དབུས་གཙང་ཕྱོགས་སུ་ཞལ་གཟིགས་ནས་འདས་པས་ཞག་གསུམ་མེ་ཏོག་གི་ཆར་རྒྱུན་མ་ཆད་པ་སོགས་འདས་རྟགས་ངོ་མཚར་རྨད་དུ་བྱུང་བའི་སྲེག་ཆོག་པ་མང་བརྟེན་ཆོས་རྗེ་སོགས་ཀུན་ཡ་མཚན་དུ་གྱུར་སྐད་དོ། །དེའི་གཅུང་བསོད་ནམས་དཔལ་འབྱོར་ནི་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱི་སྐྲ་བཅད་ལུགས་གཉིས་ཀྱི་མཁྱེན་སྒོ་ཤིན་ཏུ་ཡངས་ཤིང་ཤེས་བྱ་མཐའ་དག་གི་རྒྱུད་ཕྱུག་པ་གསུང་བཟང་ཞིང་གཟི་བརྗིད་ཆེ་བའི་ཀུན་ཡིད་འཕྲོག་པའི་བག་དང་ལྡན་པ་ཞིག་བཞུགས་པ་དེ་ཉྀད་ཀྱི། ཡུལ་དེར་ས་དཔྱད་ཕུན་སུམ་ཚོགས་པ་བྱ་རྒོད་སྐྱིད་ཉལ་རྒྱག་པའི་སྤྱི་གཙུག་ཏུ་ནོར་བུ་རིན་པོ་ཆེས་བརྒྱན་པ་འདྲ་བ་ལྟ་བུའི་སྟེངས་ན་སྔར་མེད་ཀྱི་གཙུག་ལག་ཁང་གསར་བསྐྲུན་