R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༣བ
[A:༡༣བ]ནས་འོར་གསུམ་ཚང་བའི་ཐལ་འགྱུར་ཁོ་ནས་གྲུབ་མཐའ་ངན་པའི་ཚོགས་མིང་གི་ལྷག་བསམ་ཙམ་དུ་ཉེ་བར་མཛད་ཅིང་། དམ་པ་དེ་ཉིད་ཀྱི་སྐུ་དངོས་ཀྱིས་ལེགས་པར་བསྐྲུན་པའི་ཆོས་ལས་སྐྱེས་པའི་སྲས་མཆོག་རྣམས་དང་། དེ་དག་གི་སྲས་སུ་གྱུར་པ་མཐའ་དག་གིས་ཀྱང་ཡང་དང་ཡང་དུ་ཕྱི་ནང་གི་ལོག་པར་རྟོག་པའི་ཚོགས་འཇོམས་པ་ལ་སྤོབས་པ་དགེ་བའི་སྣང་བ་ཁྱད་པར་ཅན་གྱིས། རྒྱལ་བ་ཐམས་ཅད་སྐྱེད་མཛད་ཀྱི་ཡབ་གྱུར་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཇི་ལྟར་ཕྱེ་བའི་དགོངས་དོན་དྲི་མ་མེད་པ་ལ་རང་གིས་ངན་རྟོག་དག་གིས་རྣམ་པ་ཀུན་ཏུ་བསླད་པ་མེད་པར་སྔ་སྲོལ་བཟང་པོའི་ལམ་དེ་ཉིད་རྨ་མེད་པར་མཛད་དོ། རིགས་པའི་དབང་ཕྱུག་སླར་ཡང་བྱོན་ཚེ་ཆོས་གྲགས་ཉིད་ལའང་སོམ་ཉིར་གྱུར། ཀླུ་སྒྲུབ་ཡབ་སྲས་གཞུང་ལུགས་འཆད་ཚེ་སྐྱེས་ཆེན་དེ་དག་ཁོ་ན་འདྲ། ཁྱད་པར་ཐོགས་མེད་སྐུ་མཆེད་རང་གཞུང་བཞེད་དགུ་རྒྱ་མཚོའི་རླབས་
ཕྲེང་
ཅན། དེ་ཉིད་འཆད་ལ་དེ་ཉིད་གཉིས་པར་བདག་གིས་ཡོངས་བཟུང་ངེས་པ་སྟེ། གཟུར་ན་ཡས་