R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༤ན
[A:༡༤ན]རྣམས་ཀྱང་རྣམ་པར་སྒྲོག་མོད་འདི་ན་འགའ་ཡང་སོམ་ཉི་མེད་པ་
ཐོག་མེད་ལས་ཀྱིས་མནར་བ་དག་ནི་ཐུབ་པ་ཉིད་ལ་ཅོ་འདྲིར་མཆིས། དེ་ལྟ་མིན་ན་འོར་བ་སྟོངས་ཚེ་ཁྱོད་ཀྱི་ཕྲིན་ལས་གང་དུ་སྤེལ། སྐལ་དམན་མེད་ན་དམ་པའི་བརྩེ་བ་ཉིད་ཀྱང་འཁྱོགས་པོའི་རྒྱུ་ལ་རྟེན། དེ་སླད་ལྷ་སྦྱིན་སྟོན་པ་ཉིད་ཀྱིས་སྤྲུལ་ཞེས་མདོ་སྡེ།
ལས་འབྱུང་། དམ་པ་རྣམས་ལ་མི་འདོད་ཉིད་ཀྱང་འདོད་དགུའི་འབྱུང་གནས་ཡིན་ཞེས་ཐོས། སྐྱེས་ཆེན་དག་ལ་བསྟོད་དང་སྨད་པ་གཉིས་ཀས་འབྲས་བུས་བྱང་ཆུབ་འབྱིན། འདི་འདྲའི་ཚུལ་འདི་སྙིང་ལ་དྲན་ཚེ་བདག་ནི་ངེས་པར་སྤུ་ལོང་གཡོ། དེ་ཕྱིར་འབྲེལ་ཚད་དོན་ལྡན་ཉིད་དུ་གྱུར་བའི་སྐྱེས་ཆེན་རྒྱལ་གྱུར་ཅིག འདི་ན་གང་དག་ཐོས་པའི་རྣམ་བྲལ་བས། རྣམ་དག་ཆོས་ཀྱི་ཡིན་ལུགས་འབྱེད་པ་ལ། ཕྲག་དོག་དབང་གིས་སྨྲ་བ་ལྷུར་ལེན་ཀྱང་། ཆོས་དང་ཆོས་མིན་འབྱེད་པ་མཁས་པའི་སྲོལ། ཆོས་བརྒྱད་འཇིག་རྟེན་ཁོ་ནའི་དོན་ཙམ་དུ། ཉི་ཚེར་འབད་ན་ཆོས་དབྱེད་ཨ་ཐང་ཆད། རང་གཞན་གནས་སྐབས་འབྱེད་ལ་ཆོས་མཐུན་གྱི། རྩོད་པར་རློམ་ན་རྒྱལ་བའི་བཀའ་དང་འགལ། ཁྱད་གསོད་འགྲན་སེམས་དྲག་པོས་རྩོད་པའི་ལས། རྣམ་པ་ཀུན་དུ་བསྒྲུབས་ན་ཅིར་འགྱུར་སོམས། བསྟན་ལ་དགོངས་པའི་རྩོད་པ་རྡོ་རྗེའི་ཕྲེང་། རྒྱ་བོད་མཁས་པ་ཀུན་གྱི་མཛད་