R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༤༥༤
[A:༤༥༤]གསུམ་དེ་བས་ཀྱང་ཐག་རིང་བ་གཅིག་ཏུ་ཕྱིན་ནས་སྒོམ་བྱས་པ་ལ། སྟབས་གཅིག་གིས་གཉིས་དབུས་སུ་བཏང་དགོས་པ་བྱུང༌། ངེད་གསུམ་གྱིས་བྱང་དུ་ཕྱིན། རྩེ་པོ་རི་གདོང་ལ་རི་མོ་བྲིས་རྟོག་པ་སྣ་རེ་མ་སྐྱེས་པར་ལ་འདི་མན་ཆད་མི་འདའ་བའི་དམ་བཅས་ནས་ཕྱིན། ལམ་དུ་བར་ཞག་བཅུ་ཙམ་བྱས། དགོན་པར་སླེབས་པའི་ཉིན་ཚེས་བརྒྱད་ཡིན། དེའི་ཚེས་གཅིག་ནས་ཟླ་བའི་འདི་ནང་དུ་སུ་དང་མི་མཇལ་བར་ཡོད་པས། བསྒུག་ཁོམ་ན་མི་ཁོམ་ན་ཚེས་ནས་བྱོན་ཟེར། དེར་བསྒུག་པར་ཞུས་པས། སོང་གདན་གྱི་དུས་སུ་ཤོག་གསུང༌། མཇལ་ཁ་དང་ཞུ་དོན་ཅི་དགོས་འགྲུབ། །ཞལ་མཐོང་བ་ཙམ་གྱིས་མོས་པ་སྐྱེས། །གསུང་ཐོས་དྲི་བསྡུར་བྱས་པ་ཡིས། །གྲུབ་ཐོབ་ཅིག་གི་ངེས་ཤེས་སྐྱེས། །ལམ་དཀའ་བ་སྤྱད་པ་དོན་ཅན་སོང༌། །དུས་དེ་ནས་བཟུང་ནས་ལོ་གཉིས་བར། །ཉིན་མཚན་རྒྱུན་བར་སྒོམ་ལ་དྲིལ། མང་པོའི་ཐོབ་འདོད་ངས་མ་ཞུས། །ཉམས་ཁྲིད་ཆིག་གྲིལ་གྱི་གདམས་པ་ཞུས། །སྣོད་རུང་དུ་མཁྱེན་ནས་ལྷུག་པར་གནང༌། །ཉིན་མཚན་མ་ཆད་ལོ་གཅིག་བསྒོམས། །ཟུག་གཟེར་གང་ཆེར་སྒོམ་རྩོལ་སྐྱེད། །འདི་ངང་ལ་ཤི་ནའང་མཚམས་སྦྱོར་བཟང༌། །རྐྱེན་ཁ་རུ་མི་འགྲོ་བའི་བླ་མ་ཡོད། །གེགས་མངོན་གྱུར་ཅན་ཞུ་སྙམ་རྩོལ་བསྐྱེད་པས། །བདེ་འཕྲོ་ལ་སྡུག་ལ་སྡུག་འཕྲོ་ལ་བདེ། །རེས་འགའ་དགའ་ལ་རེས་འགའ་སྐྱོ། །ཕལ་ཆེར་ཞག་རེ་རྟག་མི་ཐུབ། །བཏུད་མར་མ་བདེ་ཚབས་ཆེ་བ། །ཞག་བདུན་ཁྱོད་མཐའ་ཅི་འདུག་བརྟག །དེ་རྗེས་དྲུང་དུ་ཞུ་སྙམ་ན། །ཞག་དྲུག་ལོན་ནས་ཁྱོད་མཐའ་ཟད། །ཕལ་ཆེར་ཡོན་ཏན་གྱི་སྣ་འདྲེན་དུ་ཤེས། །སྐྱོན་སེལ་གྱི་གདམས་ངག་ཞུ་རྒྱུ་མེད། །དབེན་པ་གྲོལ་ནས་བླ་མའི་དྲུང༌། །སྐྱེ་བོས་དབེན་པར་འཆར་སྒོ་རྣམས། །ཉིན་རངས་ཞུས་པས་རེ་རེ་ནས། །རྩ་རླུང་ཐིག་ལེ་ཡི་གེ་ཡི། །འདུ་འཕྲོད་བསྒོམས་པའི་ཡོན་ཏན་དུ། །ངོ་སྤྲོད་ངེས་ཐོབ་སྒྲོ་འདོགས་ཆོད། །དབང་དང་བཀའ་ལུང་བྱིན་རླབས་རྣམས། །རྫོགས་པར་གནང་བའི་ཞལ་བཞེས་རྣམས། །ཞུ་མི་ངོ་ཆེན་མ་བྱུང་ན། །བདག་ལ་ཞུ་བའི་སྦྱོར་སྤོབས་མེད། །སྨོན་པ་གྲུབ་ནས་ཞུ་བ་