[A:༥༢༩]རེ་ཡོད་པ་དང༌། འགྲེལ་བྱེད་ཚད་མ་རྒྱ་གར་པའི་པཎ་གྲུབ་རྣམས་ཀྱིས་འགྲེལ་ལུགས་སྣ་ཚོགས་མཛད་པ་རྣམས་ལ་རང་རང་གི་གྲུབ་མཐའ་གཞུང་ཚུགས་པའི་བཤད་པ་དང༌། དེ་དང་རྗེས་སུ་འབྲེལ་བའི་ལག་ལེན་དང༌། དེའི་མན་ངག་ཉམས་ལེན་གྱི་རིམ་པ་རྣམས་སོ་སོ་རང་གི་ལུགས་བཞིན། གཞན་དང་མ་འདྲེས་པར་བཤད་པ་ན། རྒྱུད་སྡེ་རེ་རེའི་འགྲེལ་ཚུལ་ལ་ཡང་ཕན་ཚུན་མི་འདྲ་བ་ཆེས་ཆེ་བ་སྣང་མོད། ཐམས་ཅད་ཀྱང་གསང་སྔགས་རྒྱུད་སྡེ་བཞི་དང་མཐུན་པའི་བཤད་པ་འབའ་ཞིག་ཏུ་འགྲོ་བའི་འཆད་ཚུལ་འདི་ནི་རྒྱུད་གཞུང་དང༌། སྔོན་གྱི་རྒྱུད་སྡེ་ཚུལ་བཞིན་དུ་སྨྲ་བའི་གོང་མ་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་པར་འདུག་ནའང༌། དེང་སང་ཆོས་རྗེ་རིན་པོ་ཆེ་ཁོ་ནའི་འཆད་སྲོལ་ཐུན་མོང་མ་ཡིན་པར་སྣང་ངོ༌། །དེ་ལྟ་བུའི་འཆད་ཚུལ་གྱིས། རྩ་བའི་རྒྱུད་བརྟག་པ་གཉིས་པ། བཤད་པའི་རྒྱུད་རྡོ་རྗེ་གུར། སཾ་པུ་ཊ་སྟེ། ཀྱེ་རྡོ་རྗེའི་རྒྱུད་ཆེ་བ་གསུམ་དང༌། ཆུང་བ་གསུམ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ། འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ། ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ །སྡོམ་འབྱུང༌། མ་ཧཱ་མཱ་ཡ་སོགས་རྩ་བཤད་ཀྱི་རྒྱུད་རྣམས་དང༌། གསང་འདུས་རྩ་རྒྱུད། བཤད་རྒྱུད་བཞི་དང་བཅས་པ། དགྲ་ནག །རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་སོགས་དང༌། དེ་ཉིད་འདུས་པ་གློ་བོ་བྲག་དཀར་དུ་དྲུང་ནམ་རྩེ་བས་གཙོ་བོར་ཞུས་ནས་ཡོ་ག་དེ་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་ཆེན་ཀུན་དགའ་སྙིང་པོས་མཛད་པ། དེ་ཉིད་སྣང་ཆེན་པུསྟི་བཞིའི་སྟེང་ནས་སོ། །གཞན་ཡང་འཇམ་དཔལ་མཚན་བརྗོད། ངན་སོང་སྦྱོང་རྒྱུད། དཔའ་བོ་གཅིག་གྲུབ། རབ་གནས་ཀྱི་རྒྱུད། བྱ་བ་སྤྱིའི་རྒྱུད་བཞི་སོགས་རྒྱུད་སྡེ་མཐའ་ཡས་པ། དེ་དག་དང་འབྲེལ་པའི་འགྲེལ་པ་དང༌། གཞུང་གི་ཚོགས་རབ་ཏུ་མང་པོའི་བཤད་པ་དང༌། གསུང་ངག་གི་སྐོར་ཡོངས་རྫོགས་རྣམས་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་སྐོར་ཆ་ལག་དང་བཅས་