[A:༥༤༢]རྣམས་ཀྱི་མངའ་འོག་སོ་སོར། རི་རྒྱ་ཉ་རྒྱ་བསྡོམས་པ། ཤ་ཁྲག་གི་མཆོད་སྦྱིན་འགེགས་པ། དགེ་འདུན་སྡེར་ལངས་པའི་ཚོགས་སུ་ཤ་ཆང་མི་འགྲིམ་པ་ལ་སོགས་པ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་མོད་རེ་རེ་ནས་གྲངས་མང་བས་མ་བྲིས་སོ། །དེ་ཡང་ཡོས་ལོ་ལ་མངའ་རིས་སུ་ཆིབས་ཁ་བསྒྱུར་ནས་སྦྲུལ་ལོ་དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ལ་མངའ་རིས་ནས་ཤར་ལམ་ལ་ཆིབས་ཁ་བསྒྱུར། གདན་ས་ཆེན་པོར་ཕེབས་ཏེ་དགེ་འདུན་རྣམས་ལ་འབུལ་བ་རྣམ་གཞག་གྲལ་འགྱེད་དང་བཅས་པ་མཛད། དེ་ནས་དབྱུག་པ་ཟླ་བའི་ཚེས་གསུམ་ལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་ཕེབས་ཏེ་ཚེས་བཅུ་བཞིའི་ཉིན་པར་ཆོས་རྗེ་ས་སྐྱ་པ་ཆེན་པོའི་དུས་དྲན་མར་མེ་དང༌། ཞལ་ཟས་དང༌། རོལ་མོ་དང༌། གདུགས་དང༌། རྒྱལ་མཚན་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་ཕུལ་ཞིང༌། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་མང་བསྐོལ་དང༌། དཀར་རས་དྲི་མ་མེད་པ་ཕུན་སུམ་ཚོགས་པའི་འབུལ་བ་གྲལ་འགྱེད་དང་བཅས་པ་བསྒྲུབས་ནས། ཕྱོགས་ནས་བྱོན་པ་བླ་མ་དགེ་བའི་བཤེས་གཉེན་རྣམས་ལའང་ཆོས་ཀྱི་འབྲེལ་པ་དང༌། ཟང་ཟིང་གི་གནང་སྦྱིན་རྣམ་པར་དག་པས་རང་རང་རྣམས་མགུ་བར་མཛད་ཅིང༌། གཉུག་མར་གནས་པའི་ཐུན་བཞིའི་རྣལ་འབྱོར་ལ་མི་གཡོ་བར་མཛད་པའི་སྒྲུབ་པ་པོ་རྣམས་ལ་ལམ་འབྲས་བུ་དང་བཅས་པ་ཁ་སྐོང་དཀར་ཆག་ཏུ་གསལ་བ་རྣམས་ཀྱི་ལུང་དང༌། མཚམས་སྦྱོར་གྱི་བཤད་པ་དཔྱིས་ཕྱིན་པར་མཛད་ལ། རྒྱལ་གྱི་ཟླ་བའི་ཚེས་བཅུ་ལ་ཨེ་ཝཾ་ནས་ཆག་བཏེག་སྟེ་གདན་ས་ཆེན་པོར་བྱོན་ནས། རྟ་ཟླ་བའི་ཆོ་འཕྲུལ་ལ། མངའ་རིས་ནས་ཕུལ་བའི་གསེར་ཞོ་སུམ་བརྒྱ་ཙམ་གྱིས་མར་ཚན་ཆེ་བར་བསྒྲུབས་ཏེ། ཚེས་བརྒྱད་ཀྱི་ཉིན་པར་བཞུས་ཏེ། དབུ་རྩེ་རིམ་པ་གསར་རྙིང༌། སྒོ་རུམ་སྟེང་ཤོད། བླ་བྲང་ཤར། བླ་བྲང་གཞི་ཐོག །བླ་མ་གོང་མ་རྣམས་ཀྱི་ནང་རྟེན་གསེར་ཐོག་གཡུ་ཐོག་ལ་