R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༤༧
[A:༥༤༧]པ་ཡིས། །མཛད་པ་བཟང་པོ་ཨེ་མ་ངོ་མཚར་ཕུལ། གཞན་ཡང་ལེགས་པར་བཤད་པ་རྩོམ་པའི་སྐོར་ཡང༌། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་བསྟོད་པའི་སྐོར་དང༌། བྱ་བའི་རྒྱུད་རང་རྐང་གི་ཆོས་སྐད་ལ་བདག་བསྐྱེད་སྒྲུབ་པ་སོགས་བཀག་ནས་འགྲེལ་ཚུལ་སྣ་ཚོགས་ཀྱི་དགོངས་པ་གསལ་བར་སྟོན་ཅིང་བྱ་རྒྱུད་བསྟན་པ་རྒྱས་པར་བྱ་བའི་ཕྱིར། བྱ་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་དང༌། དེ་བཞིན་དུ་སྤྱོད་རྒྱུད་ལ་ཡེ་ཤེས་པ་འཇུག་པ་སོགས་བཀག་ནས་སྤྱོད་རྒྱུད་བསྟན་པའི་གསལ་བྱེད། སྤྱོད་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་སྒྲོན་མེ་དང༌། རྣལ་འབྱོར་རྒྱུད་ཀྱི་སྐོར་དང༌། ཕ་རྒྱུད་གཤིན་རྗེའི་གཤེད་སྐོར། གསང་བ་འདུས་པའི་སྐོར། སཾ་པུ་ཊའི་སྐོར། མཁའ་འགྲོ་རྒྱ་མཚོ་སོགས་བདེ་མཆོག་གི་སྐོར། ཀྱེ་རྡོ་རྗེའི་སྐོར་ལ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་མཐའ་དག་གི་དགོངས་པ་གསལ་བར་སྟོན་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ཡན་ལག་དང་བཅས་པ་ལ་སོགས་པ་རྒྱུད་གཞུང་གི་དགོངས་འགྲེལ་བསྟན་བཅོས་དུ་མ་དང༌། གྲོལ་ལམ་བསྐྱེད་རིམ་ཡན་ལག་དང་བཅས་པའི་ལག་ལེན་གསལ་བར་སྟོན་པའི་སྐོར་རྣམས་དང༌། གཞན་ཡང་སྒྲུབ་ཐབས་ཀྱི་རིགས་རབ་ཏུ་མང་པོ་དང༌། གསུང་ངག་རིན་པོ་ཆེའི་བཤད་ཐབས་གསང་བའི་སྒོ་འབྱེད་དང༌། བདེ་མཆོག་དཀར་པོའི་རྫོགས་རིམ་དང༌། གསང་འདུས་རིམ་ལྔ། འཇིགས་བྱེད་རྭ་ཁྲིད། འདི་ཤཱཀྱ་རྒྱལ་མཚན་གྱིས་བྲིས་པ་ཡིན་ཀྱང་རྗེའི་གསུང་ཡིན་པས་བཀའ་འབུམ་དུ་བཞུགས། སྤྲོས་མེད་མཛེས་རྒྱན་ལ་སོགས་པ་རྫོགས་རིམ་གྱི་སྐོར་དང༌། གཞན་ཡང་གདམས་པ་སྣ་ཚོགས་ཀྱི་སྒོ་ནས་ཉམས་ལེན་གསལ་བར་སྟོན་པའི་སྐོར་དང༌། བསྔོ་བ་དང་སྨོན་ལམ་དང༌། བཀྲ་ཤིས་ལ་སོགས་པའི་གསུང་རབ་མཐའ་ཡས་པ་མཛད་པའི་རྣམ་གྲངས་བརྗོད་པར་མི་ནུས་པས་མ་བྲིས་སོ། །དེང་སང་ལུང་རྒྱུན་ཡོད་པ་པོད་བཞི་མར་གྲགས་པའི་གླེགས་བམ་བཞིའི་དཀར་ཆག་ཏུ་ཤེས་