R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦ན
[A:༦ན]པོ། མཁས་པ་བཻ་རོ་ཙ་ན། དཔལ་ཆེན་སྒ་ལོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་བསྒོམ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་ནམ་མཁའི་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། བླ་མ་དཔལ་ལྡན་རྒྱལ་པོ། མུས་ཆེན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཆོས་རྗེ་ཀུན་དགའ་མཆོག་ལྡན། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། གསང་སྔགས་རྙིང་མའི་ཆོས་སྐོར་འགའ་ཞིག་ཐོབ་པ་ལ། སྤྱིར་ཡང་གསང་སྔགས་རྙིང་མ་འདི་ལ་བཀའ་གཏེར་གཉིས་ལས། བཀའ་མའི་དབང་དུ་བྱས་ན། ས་སྐྱ་པའི་ཡབ་ཆོས་ཡང་ཕུར་སོགས་དང་ཚུལ་འདྲ་བའི་གྲུབ་པ་བརྙེས་པའི་སློབ་དཔོན་སོ་སོ་ནས་བཟུང་། ད་ལྟའི་བར་དུ་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་ཆོས་སྐོར་དུ་མ་ཞིག་ཡོད་ལ། གཏེར་མ་ལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་ཡོད་པ་ལས། དེ་ཡང་བསྐྱེད་པ་མཧཱ་ཡོ་ག་སྟེ་བསྐྱེད་རིམ་གཙོ་བོར་སྟོན་པ། གཏེར་ཁ་གོང་མར་གྲགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཕྲུལ་མངའ་བདག་ཉང་རལ་གྱིས་གཏེར་ནས་སྤྱན་དྲངས་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་དང་། ལུང་ཨ་ནུ་ཡོ་ག་སྟེ་རྫོགས་རིམ་གཙོ་བོར་སྟོན་པའི་གཏེར་ཁ་འོག་མར་གྲགས་པ། ཉང་རལ་གྱི་སྤྲུལ་པ་གུ་རུ་ཆོས་དབང་གིས་ལྷོ་གཏེར་ནས་སྤྱན་དྲངས་པའི་བཀའ་བརྒྱད་གསང་བ་ཡོངས་