[A:༧ན]རབས་ཀྱི་བླ་མ་རྣམས་ཀྱི་གསུང་ལས། རབ་ཤོག་སེར་གྱི་སྟེང་ནས་ཉམས་སུ་ལེན། འབྲིང་ཤོག་སེར་མ་ཞལ་བཤུས་མ་འཆུགས་པའི་དཔེ་ཐོག་ནས་ཉམས་སུ་ལེན། ཐ་མ་ལྕེ་ཐོག་ནས་ཉམས་སུ་ལེན་རུང་བ་ཙམ་ཡིན་ཞེས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་བཀའ་བརྒྱད་རྩ་བ་ལས་འཕྲོས་པའི་བཀའ་བརྒྱད་བྱེ་བྲག་མའི་ནང་ཚན་འཕྲིན་ལས་ཕུར་པའི་ཆོས་སྐོར་ལ། ལྷོ་གཏེར་ནས་གུ་རུ་ཆོས་དབང་གིས་སྤྱན་དྲངས་པའི་ཕུར་པ་ཡང་གསང་སྤུ་གྲིའི་སྐོར་དང་། རཏྣ་གླིང་པས་གཏེར་ནས་སྤྱན་དྲངས་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་སྐོར། བྱང་གཏེར་ནས་རིག་འཛིན་རྒོད་ལྡེམ་པས་སྤྱན་དྲངས་པའི་སྐོར་ལ། བསྐྱེད་པ་མཧཱ་ཡོ་ག་དང་སྒོ་འབྲེལ་བ་ཕུར་པ་ལྷ་ཁྲའམ་ཆེ་མཆོག་གི་སྐོར། ལུང་ཨ་ནུ་ཡོ་ག་གཞིར་བཞག་པའི་ཕུར་པ་ལྷ་ནག་གམ། དྲག་སྔགས་ཀྱི་སྐོར། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་སྒོ་འབྲེལ་བའི་ཕུར་པ་ལྷ་འདུས་སམ། དྲིལ་བསྒྲུབ་ཀྱི་སྐོར་རྣམས་སུ་ཡོད་ཅིང་། དེ་ལྟ་བུའི་བཀའ་བརྒྱད་རྩ་བ་དང་བྱེ་བྲག་གི་ལུང་མན་ངག་རྣམས་ཞུ་བའི་སྔོན་དུ། རབ་ཆོས་སྐོར་དེ་དང་འབྲེལ་བའི་གཏེར་ཁ་སོ་སོའི་དེ་དང་དེའི་དབང་ཐོབ་པ་ཞིག་དགོས་པ་ཡིན་ལ། དེ་མིན་ནའང་ས་ལུགས་ཀྱི་ཡང་ཕུར་སོགས་སྔ་འགྱུར་གྱི་བཀའ་མ་ལྷད་མེད་གང་རུང་ཞིག་གི་དཀྱིལ་འཁོར་དུ་དབང་ཐོབ་པ་ཞིག་དགོས་པ་ཡིན་ཞིང་། ཐ་ནའང་གསང་སྔགས་གསར་རྙིང་གང་རུང་གི་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་གཅིག་ཏུ་དབང་བསྐུར་བ་ཐོབ་པ་གཅིག་ངེས་པས་དགོས་པ་ཡིན་ཞེས་རྙིང་མ་བ་ལ་མཁས་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་གསུངས་པ་ཡིན་ལ། འདིར་སྐབས་སུ་བབས་པ་ཕུར་བ་ཡང་གསང་