R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡བ
[A:༥༡བ]རྣམས་ལས་འབྱུང་ཁུངས་ཀྱི་ཚིག་ཡོད་པར་བཤད་པ་ཁོ་ན་འབྱུང་བ་དང་། ཁྱད་པར་དུ་དཔེ་མཛོད་མ་དང་། སྒ་ཐེང་མ་གཉིས་སུ་རྩ་ནང་གི་ཁམས་ཡབ། ཕྱི་ཤུན་གྱི་རྩ་ལས་ཡུམ་བསྐྱེད་པར་བཤད་དོ་ཞེས་ཟེར་རོ། །ལན་ལ་གཉིས་ཏེ། འབྱུང་ཁུངས་ཀྱི་དོན་ཅུང་ཟད་བཤད་པ། སྐབས་དོན་གྱི་རྩོད་ལན་ཕྱེས་ཏེ་བཏབ་པའོ། །དང་པོ་ནི། ཁྱེད་ཀྱི་འབྱུང་ཁུངས་ཀྱི་ཚིག་ཅེས་པའི་རྣམ་གཞག་དེ་ཇི་ལྟར། མཁས་པ་རྣམས་ལ་གྲགས་པའི་རྟགས་མཐར་སི་སོགས་ཀྱི་རྣམ་དབྱེ་ཉེར་གཅིག་བྱིན་ནས་ཚིག་ཏུ་བསྒྲུབ་པའི་ལྔ་པ་འབྱུང་ཁུངས་ཤེས་པ་དེ་ལྟར་ན་ནི། སྔར་རྟགས་སུ་གྲུབ་ཟིན་པའི་བུདྡྷ་ལྟ་བུ་ཞིག་ལ་ལྔ་པའི་དང་པོ་ང་སི་བྱིན་ནས། དེ་ཉིད་དུ་ང་སི་ཨཏ་དོ། །ཞེས་པའི་མདོ་དེ་ཉིད་ཀྱི་ཨཏ་དུ་བསྒྱུར་ཏེ། རྟགས་མཐའི་ཡ་དང་མཚུངས་འདྲ་བྱས་པས་བུདྷ་ཏ་ཞེས་པ་འགྲུབ་ལ། དེ་སངས་རྒྱས་ལས་ཤེས་པར་འགྱུར། དེ་ཡང་སངས་རྒྱས་ལས་གང་འབྱུང་ན་ཆོས་འབྱུང་ཞེས་པ་ལྟ་བུ་དང་། དེ་བཞིན་དུ་སྦྱར་བས་ཉི་མ་ལས་འོད་ཟེར་འབྱུང་། སྤྲིན་ལས་ཆར་འབྱུང་། ཞེས་སོགས་དུ་མ་ཞིག་འབྱུང་བ་འདི་འདྲའི་རིགས་ཅན་ལ་འབྱུང་ཁུངས་ཀྱི་ཚིག་ཅེས་བཤད་ལ། དེ་འདིར་ཡང་སྦྱར་ན། ཨྃ་ལས་རིན་ཆེན་འབྱུང་ལྡན་འབྱུང་ཞེས་པ་ལྟ་བུ་ཞིག་ཏུ་འགྱུར་ཞིང་། དེའི་ཚེ་ཨྃ་ལས་བྱུང་བའི་རིན་འབྱུང་ཨྃ་ཉིད་ལས་ལོགས་སུ་གྱུར་པ་ཞིག་འདོད་དགོས་པ་སྔ་མ་དེ་རྣམས་ཀྱི་རིགས་པས་ཤེས་ལ། དེ་འདྲ་བ་ནི་སྐབས་འདིར་ཁས་བླང་དུ་རུང་བ་མ་ཡིན་ཏེ། ཨྃ་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཞིག་སྤྲུལ། འཁོར་གྱི་དབུས་སུ་བསྒོམ་པར་ཚད་ལྡན་སུས་ཀྱང་མ་བཤད་པའི་ཕྱིར། དེས་ན་འདི་འདྲའི་རིགས་ཅན་