R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠ན
[A:༦༠ན]གྱི། འགྱུར་མེད་ཀྱི་བདེ་བ་མ་ཡིན་པས་ཚོགས་འཁོར་མཚན་ཉིད་པ་བྱར་མེད་པ་དང་། རབ་བྱུང་རྡོ་རྗེ་འཛིན་པ་ནི་བཤད་མ་ཐག་པའི་ནུས་པ་དང་ལྡན་ཞིང་ཇི་ཙམ་བཟང་ཡང་བསྟན་པ་ལ་གཅེས་སྤྲས་སུ་བྱ་བའི་ཕྱིར། དེ་འདྲ་བའི་སྤྲོས་བཅས་ཀྱི་སྤྱོད་པ་དངོས་སུ་མི་མཛད་པ་ཡིན་ནོ། །དོན་དེ་ལ་དགོངས་ནས་མཁྱེན་རབ་དབང་ཕྱུག་གིས་རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་མཚན་ཉིད་པ་དང་། རབ་བྱུང་གིས་བྱ་བའི་ཚོགས་འཁོར་རྗེས་མཐུན་པ་གཉིས་སུ་ཕྱེ་སྟེ་བཤད་པ་ཡིན་ནོ། །དེ་བཞིན་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཌོམྦྷི་ཧེ་རུ་ཀས་ཀྱང་དཔའ་བོ་དང་བྲལ་བའི་དཔའ་མོ་དང་། དཔའ་མོ་དང་བྲལ་བའི་དཔའ་བོ་དག་གི་ཚོགས་ཀྱི་འཁོར་ལོ་བསྐོར་བར་མི་བྱའོ་ཞེས་བཤད་པ་ཡིན་པས། ཚོགས་འཁོར་གྱི་མིང་དུ་བཏགས་པ་མཐའ་དག་ཚོགས་འཁོར་མཚན་ཉིད་པར་སེམས་པ་ནི་བྲམ་ཟེའི་ཁྱིའུ་ལ་མེར་བཏགས་པ་དང་། བཙོ་བསྲེག་གི་བྱ་བ་རེ་བ་ལྟར་རྣམ་པར་འཁྱམས་པ་ཡིན་ནོ། །དེས་ན་འཁྲུལ་སྤོང་ལས། ཚོགས་ཀྱི་གྲལ་དུ་ཐུན་མོང་གི་རྒྱུ་བཞི་གང་རུང་སྔོན་དུ་འགྲོ་བས་ཚོགས་རྫས་སྟོབས་པ་མི་གཙང་བའམ། སྡོམ་པ་འོག་མའི་བཅས་པ་དང་འགལ་དུ་དོགས་པས་དྭངས་དུ་མི་ལེན་ན་རྩ་ལྟུང་དུ་བཤད་ཀྱི། རབ་བྱུང་གི་དུས་ཁྱད་པར་ཅན་ལ་ཚོགས་འཁོར་མཚན་ཉིད་པ་མ་བྱས་ན་རྩ་ལྟུང་དུ་འགྱུར་བ་འཁྲུལ་སྤོང་གི་དགོངས་པ་ཡིན་ཞེས་པ་ནི་ཧ་ཅང་རྨོངས་ཚབ་ཆེས་པའི་གཏམ་ཡིན་པས་ཐར་པ་དོན་དུ་གཉེར་བའི་བློ་གྲོས་ཅན་རྣམས་ཀྱིས་བག་ཟོན་གྱིས་ཤིག གསུམ་པ་ལ་གཉིས་ཏེ། སྐབས་དོན་གྱི་དངོས་ལན་དཔྱིས་ཕྱིན་པ་དང་། འཁྲུལ་མེད་ཀྱི་ལུང་ཁུངས་རྒྱས་པར་བཤད་