R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]སྙིང་རྗེ། །བྱང་ཆུབ་སེམས་བསྐྱེད་ལ་སོགས་པ། །ཚད་ལྡན་གོང་མས་བཤད་ཀུན་ཆད། །ཆད་པ་ཡིན་ན་གོ་རིམ་ནོར། །ངེས་པར་འབྱུང་བའི་བློ་ཙམ་ཡང་། །མ་བསྐྱེད་པ་དེ་སྔགས་ལམ་དུ། །ཅི་དགར་འཇུག་པ་རྒྱུད་ལས་བཀག །ཕྱི་མ་ལྟར་ན་སྣང་བ་གསུམ། །ངེས་པ་ཅན་དུ་སྟོན་པ་ལྷག །ལྷག་པ་མིན་ན་རྣམ་གཞག་འཆོལ། །ཞེས་པ་སྨྲ་བ་དེ་ལ་འདིར། །ཕྱོགས་ཞེན་རླུང་གི་ཞེ་སྡང་མེད། །སྦར་བས་རང་རྒྱུད་བསྲེག་བྱེད་ལ། །སྙན་བརྒྱུད་བུམ་བཟང་ལས་བྱུང་བའི། །ལེགས་བཤད་བདུད་རྩི་ཡི་བསིལ་བར་བྱ། །རྗེ་བཙུན་མཐུ་སྟོབས་དབང་ཕྱུག་གི །གསུང་གི་རྡོ་རྗེའི་ཚིག་རྐང་ལས། །བྱུང་བའི་ཉམས་སུ་བླང་ཚུལ་ནི། །རྗེ་བཙུན་རྣམས་ཀྱིས་བཞེད་ཇི་བཞིན། །འཇམ་དབྱངས་དྲུག་པ་ཆོས་ཀྱི་རྗེའི། །གསུང་ལས་བྱུང་བའི་ལམ་རིམ་འདི། །གཙོ་བོར་སྐལ་བར་ལྡན་པ་ཡི། །ཉམས་སུ་བླང་བའི་རིམ་པ་ཡིན། །མིན་ཡང་རིམ་གྱིས་དཀྲིས་ནས་ནི། །སྣོད་རུང་གྱུར་ནས་བླང་བྱ་ཡིན། །དེའི་ཡང་ཐོག་མར་དབང་བསྐུར་བ། །ཡིན་པར་ལྗོན་ཤིང་དག་ལས་ནི། །ད་ནི་བླ་མེད་སྐལ་ལྡན་པ། །གཅིག་ཅར་འཇུག་པའི་མངོན་རྟོགས་བརྗོད། །སྨིན་པར་བྱེད་པའི་དབང་ཞེས་པ། །གསུངས་ཤིང་དག་ལྡན་ཉིད་ལས་ཀྱང་། །ཐུན་མོང་གིས་རྒྱུད་སྦྱངས་པ་དང་། །སྐལ་ལྡན་རྒྱུད་མ་སྦྱངས་ཀྱང་ནི། །འཇུག་རུང་ཕྱི་མའི་གཉིས་པ་ལས། །ཞེས་གསུང་དབང་གི་ཆུ་བོ་ལས། །སྔར་གཏན་མ་ཞུགས་རབ་འབྲིང་གསུམ། །དེའི་རབ་དབང་གི་སྣོད་དུ་གསུངས། །གཞན་ཡང་གང་ཟག་རབ་འབྲིང་གསུམ། །དཀྲི་བའི་གཞུང་ཤིང་ཉིད་དུ་ནི། །དང་པོར་གང་ཟག་བླ་མའི་