R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]དྲུང་། །འོང་པ་དབང་དང་དམ་ཚིག་དང་། །ལྡན་བྱས་བསྐྱེད་པའི་རིམ་པ་དང་། །སྙིང་པོར་བཅས་པ་བྱེད་པ་དེ། །ཁྲིད་ཀྱིས་བསྐྱང་བར་འདོད་པ་ན། །ཞེས་སོགས་གསུངས་ན་ཐོག་མར་དབང་། །ངེས་པར་དགོས་པ་གསུངས་པ་ཉིད། །ཁྱེད་རྣམས་རྒྱུ་དུས་དབང་གི་སྔོན། །ངེས་པར་སྣང་གསུམ་དགོས་ཞེས་པ། །སྣང་གསུམ་སྔོན་དུ་མ་སོང་བར། །དབང་བསྐུར་མི་རུང་པ་ཡིན་ནམ། །དབང་བསྐུར་སོང་ནས་སྣང་བ་གསུམ། །མི་རུང་བ་ནི་གང་ཡིན་བརྟག །དང་པོ་ལྟར་ན་ཡན་འགར་དུ། །དབང་བསྐུར་བྱེད་པ་མེད་འགྱུར་ཞིང་། །ཕྱི་མ་ལྟར་ན་ལམ་འབྲས་ནི། །གཉིས་པ་འཆད་ཚེ་ཇི་ལྟར་བྱེད། །ཁྱད་པར་དུ་ཡང་རྒྱུད་གསུམ་གྱི། །དཀྲི་བའི་སྐབས་སུ་རྒྱུ་ཆོས་ཅན། །འཁོར་བའི་གནས་ལུགས་བསྒོམ་ཞེས་པ། །མ་དག་སྣང་བའི་སྐབས་བཞིན་དུ། །སླར་ཡང་བསྒོམ་པར་གསུངས་པ་དང་། །ཤིན་ཏུ་རྒྱས་བཤད་སྐབས་སུ་ཡང་། །སྣང་བ་གསུམ་གྱི་དོན་དྲན་པར། །ལེགས་པར་གསུངས་ན་ཇི་ལྟར་བརྒོལ། །གཞན་ཡང་སྣང་བ་གསུམ་གྱི་སྔོན། །བསག་སྦྱང་རྣམ་གཉིས་བྱ་དགོས་ཏེ། །ཁྲིད་ཀྱི་སྔོན་འགྲོ་ཡིན་ཕྱིར་རོ། །དགོས་ན་དབང་བསྐུར་མ་ཐོབ་པའི། །བླ་མ་སྐབས་འདིའི་ཚོགས་ཞིང་དུ། །མི་རུང་གལ་ཏེ་རུང་ན་ནི། །བླ་མ་སངས་རྒྱས་ཉིད་ཡིན་ཞེས། །བྱ་བ་དབང་བསྐུར་ཐོབ་ནས་ཡིན། །ཞེས་གསུངས་པ་ཡང་དྲང་དོན་འགྱུར། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱང་། །དབང་མ་ཐོབ་པར་མི་རུང་ན། །སྒྲིབ་པ་སྦྱངས་བསགས་གང་དུ་འགྱུར། །གལ་ཏེ་དབང་རྗེས་བྱེད་ཅེ་ན། །དེ་གཉིས་སྔོན་འགྲོ་མིན་པའམ། །སྣང་བ་གསུམ་པོ་ཁྲིད་མིན་ཏེ། །སྔོན་འགྲོ་སྔོན་དུ་མི་