R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧ན
[A:༧ན]དགོས་ཕྱིར། །གལ་ཏེ་སྣང་གསུམ་ཁྲིད་མིན་ན། །ཁྲིད་ཚུལ་ཉེར་བརྒྱད་ཉེར་དགུ་ཞེས། །དཀར་ཆག་ཏུ་གསུངས་ཇི་ལྟར་བགྲང་། །མདོར་ན་སྣང་བ་གསུམ་གྱི་སྔོན། །སྔོན་འགྲོ་བཅུ་གཉིས་འགྲོ་དགོས་པར། །གང་ཟག་དབང་པོ་རབ་འབྲིང་གསུམ། །དཀྲི་བའི་གཞུང་ཤིང་ཉིད་དུ་ནི། །མི་མཐུན་སྒྲིབ་སྦྱང་ཡིག་བརྒྱ་དང་། །མཐུན་པའི་ཚོགས་བསག་མཎྜལ་དང་། །འཁོར་བའི་ཉེས་དམིགས་བསྒོམ་པ་གསུམ། །ཞེས་དང་ཐུན་ཐམས་ཅད་ཀྱི་མགོར། དགོས་པ་རྣམ་པ་བཅུ་གཉིས་ཏེ། །གནད་དབབ་གསུམ་དང་སྔོན་འགྲོ་གསུམ། །ཞེས་དང་ཁྲིད་ཀྱི་དཀར་ཆག་ཏུ། །ཐམས་ཅད་སྔོན་འགྲོ་ཆོས་བཅུ་གཉིས། །དེ་དག་རྣམས་ལ་ཐུན་གསུམ་སྟེ། །གསོལ་བ་གདབ་དང་བསག་སྦྱང་ལ། །ཐུན་གཅིག་སྦྱང་བ་གསུམ་པོ་ལ། །ཐུན་གཅིག་ཁྲིད་ཀྱི་སྔོན་འགྲོའོ། །གནད་དབབ་གསུམ་དང་བསྒོམ་པ་གསུམ། །ཐུན་གཅིག་ཐུན་གྱི་སྔོན་འགྲོའོ། །ཞེས་པ་གསུངས་ན་མི་འདོད་ཅིང་། །དེ་ལྟར་ཚོགས་བསྒོམ་རིན་པོ་ཆེའི། །དངོས་སློབ་ཉན་གཉག་གཉིས་ཀྱིས་ཀྱང་། །གཞུང་ཤིང་དང་པོའི་ཁྲིད་ཡིག་ཏུ། །གསལ་བ་ཉིད་དུ་གསུངས་པ་དང་། །ཆོས་རྗེ་བླ་མ་དམ་པ་ཡི། །ཁྲིད་ཡིག་སྦས་དོན་གསལ་བ་རུ། །སྔོན་འགྲོ་དེ་དག་འགྲོ་དགོས་པར། །ངེས་པ་ཉིད་དུ་གསུངས་པ་དང་། །དེ་ཉིད་ཚང་མར་གྲུབ་པ་ཡང་། །ངོར་ཆེན་རྡོ་རྗེ་འཆང་ཆེན་གྱི། །གསན་ཡིག་རྒྱ་མཚོ་ཞེས་པར་ནི། །ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས། །མཛད་པའི་ངོ་མཚར་སྣང་བ་དང་། །གཞུང་བཤད་མན་ངག་བཤད་མཛོད་དང་། །ཁྲིད་ཡིག་སྦས་དོན་གསལ་བ་སོགས། །པོད་ནག་མ་རུ་གྲགས་པ་