R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤བ
[A:༧༤བ]པའི་གྲྭར་ཞུགས་ཀྱང་། །ཚིག་ཙམ་འདོན་པའི་ངལ་བས་དུས་འདའ་བའི། །བླུན་པོ་རྣམས་ཀྱིས་སྨད་པར་མ་གྱུར་ཅིག །འདི་སྦྱར་དགེ་བས་གསུང་ངག་ཡིད་བཞིན་ནོར། །སེམས་འཇལ་རྟོག་པའི་བྱི་དོར་གྱིས་སྦྱངས་ཏེ། །ཐོས་བསམ་བསྒོམ་པའི་རྒྱལ་མཚན་རྩེར་བཞག་ནས། །བློ་གསལ་མང་པོའི་མདུན་སར་བསྔགས་པར་ཤོག །འགྲོ་གསུམ་མཆོད་འོས་ཐུབ་བསྟན་གངྒཱའི་རྒྱུན། །ཉེས་བཤད་འཕྲོག་བྱེད་རྐང་པས་མ་བཅོས་པ། །བདག་བློ་སྐལ་ལྡན་ཤིང་རྟ་ལ་བརྟེན་ནས། །སྲིད་མཐར་འགྲོ་བའི་གདུང་བ་སེལ་བར་ཤོག །ཚེ་རབས་ཀུན་དུ་དལ་འབྱོར་གྲུ་བོ་ཆེ། །འཕགས་ནོར་རིན་ཆེན་བདུན་ལྡན་ལེགས་ཐོབ་སྟེ། །འཕྲིན་ལས་བ་དན་དཀར་པོའི་ཐབས་མཁས་ཀྱིས། །རྣམ་གྲོལ་སྐུ་བཞིའི་གླིང་དུ་བགྲོད་པར་ཤོག །ཅེས་གསུང་ངག་ལམ་འབྲས་ཀྱི་སྒོ་ནས་འགྲོ་བ་རྣམས་འཆི་བ་མེད་པའི་གནས་སུ་འདྲེན་པར་བྱེད་པའི་ལམ་གྱི་སྲོལ་རྒྱལ་པོ་ལྟ་བུའི་ནང་ནས་ཕྱག་ལེན་གྱི་རིམ་པའི་ཆ་ཤས་ཕྲ་མོ་དག་ལ། ཕྱོགས་རེ་བའི་བློ་ཅན་གཞན་གྱིས་བརྒལ་ཞིང་བརྟགས་པའི་ལན་ཚངས་པའི་རིགས་སྔགས་ཞེས་བྱ་བ་སྔར་བྱས་ཟིན་པ་ལས། སླར་ཡང་དེ་ཉིད་ཀྱི་དོན་བསྡུས་པའི་ཚིགས་སུ་བཅད་པ་འདི་ཡང་། ཁྱབ་བདག་འཁོར་ལོའི་མགོན་པོ་དང་དབྱེར་མ་མཆིས་པ་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་རཏྣ་ཝརྡྷ་ལ་སོགས་པ་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་མང་པོའི་ཐུགས་རྗེའི་སྤྱན་རས་ཀྱིས་འཚོ་ཞིང་། གསུང་གི་བདུད་རྩིས་སྐལ་བ་བཟང་པོར་གྱུར་པ་ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཅེས་བགྱི་བས། རྣམ་འགྱུར་གྱི་ལོ་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་ཁོ་ན་
བྲིས་རྩོམ་གཉིས་ཀ་རྫོགས་