R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢བ
[A:༨༢བ]ལུང་དོན་དང་། །ལྗོན་ཤིང་ལས་ཀྱང་སྤྱི་རྒྱུད་ལ། །ཞལ་འཕངས་མཛད་ཕྱིར་ཁུ་དབོན་གསུམ། །དགོངས་པ་མཐུན་པས་སྐྱོགས་བཤད་དོར། །བླ་མེད་རྗེས་འཛིན་སྟོན་པའི་སྐབས། །སྤྱོད་རྒྱུད་ལུང་འདྲེན་བསྒྲུབ་བྱེད་ཀྱི། །འཕོངས་པའི་ཅལ་ཅོལ་ཡིན་པར་ངེས། །རྩ་རྒྱུད་ཊཱིཀྐ་སྔ་རྟིང་གི །དཀར་ཆག་མེད་ཕྱིར་འཕགས་པས་མིན། །གཟུགས་བརྙན་སོགས་དོན་ལོགས་སུ་ནི། །རྗེས་འཛིན་བྱས་ནའང་འགལ་བ་ཅི། །གཞན་ཕན་བདུད་རྩིར་ཤིན་པོ་ལ། །རྗེས་འཛིན་བཤད་པ་མེད་སྙམ་ན། །ཞིབ་པར་དབང་ཆུར་ཞལ་འཕངས་ཕྱིར། །མི་འགལ་ཡང་ན་མི་གསལ་འདོད། །དངོས་གཞི་གྲངས་ངེས་དགོས་ན་ཡང་། །སྟ་གོན་བརྒྱ་ཕྲག་ཐུན་མོང་དུ། །བྱས་ཀྱང་འགལ་མེད་ཐལ་བ་སོགས། །སློབ་དཔོན་དབང་གི་རིམ་པ་ལྟར། །དངོས་གཞི་གྲངས་ངེས་དགོས་ན་ཡང་། །རྗེས་ནི་ཐུན་མོང་ཆོག་པ་སོགས། །རང་ལའང་མཚུངས་པ་གྲུབ་མཐའ་འཇིག །མཐའ་གཅིག་སྟ་གོན་དངོས་གཞིའི་གྲངས། །ངེས་ན་དེ་གཉིས་གཙོ་བོའི་ཕྱིར། །རྗེས་འཛིན་གྲངས་ངེས་དགོས་པ་སོགས། །གོང་གི་རིགས་པ་མཚུངས་པ་ཡིན། །སྲོད་ཀྱི་དུས་སུ་སྟ་གོན་སོགས། །བྱེད་ན་ཆོ་ག་གཉིས་མི་འགྱུར། །མི་བྱེད་དབང་བསྐུར་བྱིན་རླབས་མེད། །འཕྲིན་ལས་ཆེ་འདོད་དཀའ་བར་གནས། །སྤྱི་རྒྱུད་རྗེས་འཛིན་འཆད་པའི་སྐབས། །གྲངས་ངེས་དམིགས་གསལ་མི་འདོད་དང་། །སྤྱི་རྒྱུད་ཊཱིཀར་གྲངས་ངེས་ཡོད། །རྗེས་འཛིན་སྐབས་སུ་འབྱུང་ཞེས་པ། །ཁས་བླངས་འགལ་བ་མ་ཡིན་ནམ། །མཁས་པ་གོ་ཤཱཀ་རྣམ་གཉིས་ཀྱི། །དབང་ཆུ་བདེ་ཆེན་རྒྱ་མཚོ་དང་། །གསེར་ཐུར་དག་ལས་དབང་ཆུ་བཞིན། །རྗེས་