R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣ན
[A:༨༣ན]འཛིན་གྲངས་ངེས་གསལ་བར་གསུངས། །དེས་ན་དེ་འདྲའི་བཤད་པ་ནི། །རང་གཞན་གཉིས་ཀའི་ཕྱོགས་དང་འགལ། །ཕྱིན་ཆད་གཟུར་གནས་གྲངས་ངེས་ཀྱིས། །སྟ་གོན་འབྲེལ་པ་མེད་པ་དང་། །ཞེས་པར་མགོ་མཚུངས་བརྒལ་ལན་གྱི། །སྤྲོས་པ་འདི་ལྟར་སྨྲ་བར་བྱེད། །སྨིན་བྱེད་རེ་ལ་སྟ་གོན་རེ། །དགོས་ན་བསྙེན་སོགས་བརྒྱད་ཆར་ཡང་། །རེ་རེ་དགོས་འགྱུར་སྟ་གོན་ནི། །གཅིག་དང་སློབ་མ་གཅིག་འབྲེལ་གྱི། །ཕྱི་མ་རྣམས་དང་འབྲེལ་མེད་འགྱུར། །སློབ་མ་སྟ་གོན་ཉེར་ལྔ་དང་། །འབྲེལ་བའི་ལྷ་ནི་སྟ་གོན་ཡང་། །ཉེར་ལྔ་དགོས་པ་ཁྱོད་ལ་མཚུངས། །གལ་ཏེ་སྟ་གོན་འབྲེལ་པ་ནི། །སློབ་མ་མ་ཡིན་ཆོ་ག་ནི། །བྱེད་ལས་ཡིན་པར་འདོད་ན་ནི། །རིན་འབྱུང་མན་ལ་བུམ་ཆོག་རེ། །ཁྱེད་ལ་ཡང་ཡང་བྱེད་དགོས་འགྱུར། །དངོས་གཞི་བསྒྲུབ་མཆོད་མི་མཚུངས་ཏེ། །བསྒྲུབ་མཆོད་བདག་འཇུག་དབང་བསྐུར་གསུམ། །ཆོ་ག་རིགས་མཐུན་འབྲེལ་ཆགས་དགོས། །གཞན་ཕན་བདུད་རྩིར་རྡུལ་ཚོན་གྱི། །དཀྱིལ་འཁོར་གཅིག་ཏུ་དངོས་པོ་དྲུག །གསུངས་ཀྱང་སྟ་གོན་གཅིག་ཉིད་ཟེར། །འོ་ན་སྨིན་བྱེད་ཚར་རེ་ལ། །སློབ་མ་སྟ་གོན་ཚར་རེ་དང་། །འཇུག་ཅིང་དབང་བསྐུར་ལེན་པ་སོགས། །ཚར་རེ་དགོས་ན་བསྙེན་སོགས་བརྒྱད། །ཚར་རེ་དགོས་སོགས་སྒྲུབ་བྱེད་ཀུན། །རི་བོང་ཚང་ལོག་ཅི་མི་འགྱུར། །སྒྲུབ་མཆོད་ལ་སོགས་བར་མ་ཆོད། །དགོས་ན་དབང་ཆུར་སྒྲུབ་མཆོད་དང་། །འཇུག་པའི་བར་དུ་སྦྱིན་བསྲེག་སོགས། །གསུངས་པ་མ་མཐོང་དེ་ཉིད་བསྟན། །རྣལ་མའི་ལན་ནི་འདི་སྐད་ལོ། །སྟ་གོན་དང་པོ་གཉིས་པོ་དེ། །ཕྱོགས་དེར་