R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣བ
[A:༨༣བ]དཀྱིལ་འཁོར་རུང་བ་དང་། །དཀྱིལ་འཁོར་བྲིས་ཏེ་གཞན་དོན་ཕྱིར། །སྣང་བ་ཞུ་བའི་ཆེད་ཡིན་ལ། །དེས་ནི་སྟ་གོན་གཅིག་པོ་དེས། །ལེགས་པར་གྲུབ་ཅིང་ཕྱི་མ་གཉིས། །སྐབས་བབས་བྱས་ཚེ་མངོན་རྟོགས་བརྒྱད། །ཀུན་དང་འབྲེལ་ཞིང་རྡུལ་ཚོན་གྱི། །དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་དབང་། །ལན་གཉིས་བསྐུར་དུ་མི་རུང་ན། །མཆོག་དབང་གསུམ་ལའང་གཅིག་ཉིད་ལས། །ཁྱེད་ཀྱི་ལུང་ལ་མི་རུང་སྟེ། །སློབ་དཔོན་ལུས་ལ་དཀྱིལ་འཁོར་གསུམ། །རེ་རེ་ལས་གཞན་མེད་ཕྱིར་ཟེར། །སྟ་གོན་དང་པོ་གཉིས་པོ་དེས། །ཚར་རེ་བྱས་པའི་དགོས་པ་དེས། །དབང་བསྐུར་ཕྱི་མ་ཀུན་འགྲུབ་ན། །བདག་མདུན་འཇུག་པ་བུམ་བསྒྲུབ་སོགས། །ཀུན་ཀྱང་ཚར་རེས་དབང་བསྐུར་ཀུན། །འགྲུབ་པར་འགྱུར་སྟེ་དགོས་པ་མཚུངས། །ཁྱེད་ལའང་སློབ་མ་སྟ་གོན་དང་། །དངོས་གཞི་གྲངས་མཉམ་དགོས་པའི་ཕྱིར། །རིན་འབྱུང་མན་ལ་བུམ་ཆོག་རེ། །དགོས་པ་མཚུངས་ཤིང་རྡུལ་ཚོན་གྱི། །དཀྱིལ་འཁོར་གཅིག་ཏུ་གཤིན་པོ་ལ། །དབང་བཞི་ནུབ་དྲུག་བསྐུར་བའི་རྗེས། །གཤེགས་གསོལ་དགོས་ལྟར་ལུས་དཀྱིལ་གསུམ། །གཤེགས་གསོལ་དགོས་པའི་རིགས་པ་མཚུངས། །གཤེགས་གསོལ་རྡུལ་ཚོན་གཞིར་བཞག་ནས། །དྲུག་གམ་གཅིག་ཀྱང་དེ་བཞིན་ཡིན། །གཞན་ཡང་སྤྲོས་པ་འདི་སྐད་དུ། །རྡུལ་ཚོན་དང་ནི་རས་བྲིས་གཉིས། སྨིན་བྱེད་གཅིག་ལས་མི་རུང་མཚུངས། །རས་བྲིས་སྟ་གོན་བསྐྱར་རུང་ན། །རྡུལ་ཚོན་ལ་ཡང་མཚུངས་མོད་ཀྱི། །བྲིས་ཟིན་རས་བྲིས་དཀྱིལ་འཁོར་དང་། །ས་འདིར་དཀྱིལ་འཁོར་བྲི་ཞེས་པ། །འབྲེལ་མེད་ཕྱིར་ན་བསྒྲུབ་མཆོད་ཀྱང་། །དེ་ལ་འགལ་བར་