R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤ན
[A:༨༤ན]འགྱུར་ཞེས་ཟེར། །རས་བྲིས་དཀྱིལ་འཁོར་གཅིག་ཉིད་དུ། །དབང་བསྐུར་ཡང་ཡང་རུང་བ་ལྟར། །རྡུལ་ཚོན་ཡང་ཡང་འདེགས་འཇོག་སོགས། །ཤེས་ན་ཁྱེད་ནི་རྫུ་འཕྲུལ་ཆེ། །ས་འདིར་དཀྱིལ་འཁོར་སོགས་ཀྱི་དོན། །བསྒྲུབ་བྱ་ཡིན་གྱི་སྒྲུབ་བྱེད་མིན། །མདོར་ན་བརྒྱ་ཕྲག་བརྒལ་བ་ལ། །དམིགས་ནས་སྟ་གོན་གཅིག་ཉིད་ཀྱི། །དངོས་གཞི་དུ་མ་རུང་གྱུར་ན། །འོ་ན་སྟ་གོན་གཅིག་ཉིད་ཀྱི། །ཚེ་གང་གོ་ཆོད་འགྱུར་བ་སོགས། །ཧ་ཅང་ཐལ་ཕྱིར་ལོག་པ་ཡིན། །རྡུལ་ཚོན་དཀྱིལ་འཁོར་གཅིག་ཉིད་དུ། །ལུས་རྟེན་གཅིག་ལ་ཞག་དྲུག་བར། །དབང་བསྐུར་རུང་གི་ཞག་བདུན་ནས། །དཀྱིལ་འཁོར་གསར་དུ་བྲིས་དགོས་པ། །ལུས་རྟེན་འཕོས་པའི་རིགས་པ་ཡིས། །དེ་འདྲའི་དཀྱིལ་འཁོར་གཅིག་ཉིད་དུ། །དབང་ཚན་ཐ་དད་གྱུར་པ་ལ། །དབང་བསྐུར་མིན་ཞིང་དཀྱིལ་འཁོར་ཡང་། །ཐ་དད་དགོས་པར་བསྙོན་མེད་གྲུབ། །འདི་ཡིས་ཁྱེད་ཀྱི་གྲུབ་མཐའ་དེའི། །ངན་མཚང་ཐམས་ཅད་གཏོལ་བ་ཡིན། །དེས་ན་གཞན་ཕན་བདུད་རྩིའི་ལུང་། །སྤྱི་འཇོམས་རིལ་བུ་འདི་བརྟེན་ན། །ལུགས་ངན་རིམས་ནད་ཅིས་ཀྱང་སེལ། །སློབ་དཔོན་གྲངས་ངེས་མེད་པ་དང་། །ཞེས་པར་ལན་འདེབས་འདི་སྐད་སྨྲ། །དེ་ལ་གྲངས་ངེས་མཐའ་གཅིག་ཏུ། །མེད་པ་མིན་ཡང་དགག་དགོས་ཀྱི། །གྲངས་ངེས་མེད་མོད་གཞན་དུ་ན། །དཔོན་སློབ་མཚན་ཉིད་མི་ལྡན་གང་། །དེར་མི་བཟུང་སོགས་རྒྱུད་སྡེ་ལས། །བཤད་པ་ཐམས་ཅད་ཡོད་ན་ལེགས། །མེད་ན་དེ་དག་ཀུན་དང་འགལ། །དབང་བསྐུར་རིམ་གྱིས་གཅིག་ཅར་གཉིས། །དང་པོ་སྤྲོས་པ་ཆེ་བའི་