R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤བ
[A:༨༤བ]སྐབས། །དབང་སྟེགས་དངོས་སུ་ཡོད་མེད་གཉིས། །ཕྱི་མ་ཕྱག་ལེན་དགག་དགོས་གཙོ། །སློབ་འཁོར་ཉུང་ངུས་རེ་རེ་ནུས། །འཕྲིན་ལས་ཆེ་བས་དགག་དགོས་བསམ། །དབང་ཆུའི་དངོས་བསྟན་རིམ་ཅན་ཟེར། །བཤད་ཚོད་ཐམས་ཅད་ཀུན་གྱི་མིན། །ཟེར་བ་ངན་འགྲན་ཕལ་པའི་ལུགས། །འཕྲིན་ལས་ཆེན་པོས་སླ་ཆོས་ཀྱི། །དབང་བསྐུར་བླུན་པོ་བསླུ་བ་སྟེ། །དམ་པ་རྣམས་ནི་སྡོམ་གསུམ་ལས། །མདོར་ན་ཆོས་ཀྱི་ཅི་བྱེད་སོམས། །སངས་རྒྱས་བྱེད་ན་ཆོས་བཞིན་གྱིས། །གསུངས་པའི་སྙིང་གཏམ་ཡིད་ལ་བཅགས། །གཞན་ཡང་སྤྲོས་པ་འདི་སྐད་དུ། །དབང་ཆུ་གཉིས་ཀྱི་དངོས་བསྟན་ལ། །མཆོག་དབང་གསུམ་ཡང་རེ་རེར་གསུངས། །སློབ་དཔོན་དབང་བསྐུར་བཞི་ཀའི་མིང་། །མངོན་པར་རྟོགས་པའི་ལྗོན་ཤིང་ལས། །སློབ་དཔོན་དབང་བསྐུར་རྫོགས་པ་ཡིས། །མཆོག་དང་ཐུན་མོང་མངོན་རྟོགས་ཀུན། །བསྒྲུབ་པར་གསུངས་ཤིང་བུམ་དབང་ཙམ། །ཐོབ་པས་རྫོགས་རིམ་བསྒོམ་པ་འགལ། །དབང་ཆུ་གཉིས་དང་ཁྱེད་ཉིད་འགལ། །དངོས་གཞི་གྲངས་ངེས་སྟ་གོན་དང་། །སྟ་གོན་རྗེས་འཛིན་ལྟོས་པའི་ཕྱིར། །སློབ་དཔོན་དབང་བསྐུར་དུས་གཅིག་ལ། །ཁྱེད་ཀྱི་ལུགས་ལའང་འདོད་དགོས་ཟེར། །སློབ་དཔོན་དབང་བསྐུར་དབང་ཆུ་ཡི། །དངོས་བསྟན་ཡིན་པར་གཉིས་ཀ་མཐུན། །དབང་ཆུ་གཉིས་དང་འགལ་བ་ཅི། །སློབ་དཔོན་དབང་ནི་དུས་ཅིག་ལ། །ཁས་ལེན་དགོས་པ་ཆོས་གྲགས་ཀྱི། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཇི་སྐད་གསུངས་པ་དེ་འདྲར་ཤེས། །མདོར་ན་ཚིག་རྐང་གསུམ་པོའི་དོན། །དབང་ཆུའི་