R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥ན
[A:༨༥ན]དངོས་བསྟན་ཡིན་པ་ལ། །ཇི་སྐད་སྨྲས་པའི་སུན་འབྱིན་རྣམས། །སློབ་དཔོན་དགག་པ་ཁོ་ནར་སོང་། །དེ་འདྲ་ངོར་པ་ཆེན་པོ་ཡང་། །བཞེད་པར་དཀའ་ཞིང་སྙོམས་ལས་ཅན། །རྗེས་འབྲང་འགའ་ཡི་བརྫུན་སྲིབ་བྱས། །མཁས་པས་སླན་ཆད་མ་བྱེད་ཅིག །དབང་བསྐུར་ཡོངས་དག་མེད་པ་དང་། །ཞེས་པ་བརྒལ་རྟགས་འདི་སྐད་སྨྲ། །བུམ་དབང་བདུན་གྱི་དབང་རྫས་ལ། །ཡོངས་དག་བཞི་རུ་རྗེ་བཙུན་གྱི། །གསུངས་པ་སྤྱི་ཁྱབ་ཡིན་ན་ནི། །གུར་གྱི་རྒྱན་དུ་དང་པོ་ལ། །འཁྲུལ་འཁོར་ཡོངས་སུ་དག་པ་བྱས། །རིན་འབྱུང་མན་ལ་སློབ་དཔོན་ནི། །མི་བསྐྱོད་གནས་པས་དབང་བསྐུར་དང་། །དབང་ཆུ་གཉིས་ལས་དང་པོ་ལྔ། །སློབ་དཔོན་མི་བསྐྱོད་གནས་པར་གསུངས། །རྗེ་བཙུན་རང་ཉིད་ནང་འགལ་དང་། །དབང་ཆུ་དགག་པར་མཛད་དམ་ཟེར། །སློབ་དཔོན་སློབ་མ་དབང་རྫས་གསུམ། །རིགས་ལྔར་བསྐྱེད་པ་འདྲ་བའི་མུ། །མི་བསྐྱོད་མེ་ཏོག་ཕོག་པའི་ལྷ། །རིགས་ལྔར་བསྐྱེད་པ་མི་འདྲའི་མུ། །སློབ་མ་དེ་བཞིན་དང་མཐའ་གཉིས། །རིགས་ལྔར་སོ་སོར་བསྐྱེད་པ་དང་། །དང་པོ་མི་བསྐྱོད་ཕྱི་མ་གཉིས། །རིགས་ལྔར་བསྐྱེད་པ་གཉིས་མིན་མུར། །མཁས་པས་བཤད་ལྟར་ཐུན་མོང་དང་། །ལམ་དུས་བསྐྱེད་ཆོག་ཐུན་མོང་མིན། །ཡང་ན་རྒྱུ་ལམ་ཁྱད་པར་ཡིན། །དེ་འདྲ་འགལ་འདོད་བློ་གྲོས་རྩིང་། །དེ་ཕྱིར་ལམ་དུས་ཁྱབ་མཐའ་འཛིན། །གཞན་ཡང་སུན་འབྱིན་འདི་སྐད་དུ། །འཁོར་གསུམ་ཡོངས་དག་བཞི་ཡི་དོན། །སློབ་དཔོན་སློབ་མ་དབང་རྫས་གསུམ། །བསྙེན་སྒྲུབ་རྒྱས་འབྲིང་བཞི་པོ་ལས། །མན་ངག་ལུགས་ལ་བརྟུལ་ཞུགས་དང་། །རྡོ་རྗེ་