R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨བ
[A:༨བ]བ་གསུམ་པོ་ནི། །ཐུན་མོང་ལམ་ཡིན་ཤེས་བྱེད་མེད། །ཡོད་ན་སྔགས་ལམ་ཡོད་དམ་ཅི། །སྔགས་ལམ་ཡིན་ན་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །ཞེས་སོགས་སྐྱོན་བརྗོད་ཐམས་ཅད་ཀྱང་། །རང་ལ་ལོག་པ་མ་ཡིན་ནམ། །དེ་ལྟ་མིན་ན་སྣང་བ་གསུམ། །མདོ་ལ་ཁོ་ནར་འདོད་ནུས་སམ། །ནུས་ན་མདོ་རྒྱུད་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་ཡིན་ནོ་ཞེས། །སྨྲ་བ་ནེ་ཙོའི་འདོན་པ་སྟེ། །སྔགས་ཀྱི་སྙིང་པོ་གང་ལ་བྱེད། །གཞན་ཡང་ལམ་འབྲས་ལམ་རིམ་འདི། །སྔགས་ལམ་ཡིན་ཕྱིར་སྨིན་གྲོལ་ལས། །གཞན་མེད་སྨིན་བྱེད་ཡིན་ནམ་ཅི། །གྲོལ་ལམ་ཡིན་ན་ལྟ་བ་ཡིས། །རྒྱས་འདེབས་རིམ་གཉིས་འཁོར་བཅས་ལས། །རྒྱུད་གཞུང་ཀུན་ནས་བཤད་པ་མེད། །རིམ་གཉིས་གང་དུ་འདུ་བ་སྨྲོས། །རྫོགས་རིམ་ཡིན་ན་ཐབས་རྒྱུད་ཀྱི། །བུམ་དབང་ལམ་དེ་གང་དུ་འགྱུར། །སྲིན་བུའི་ཁ་ཆུས་སྲིན་བུ་བཞིན། །རང་གི་ཚིག་གི་རང་ཉིད་ནི། །བཅིངས་པར་གྱུར་པས་མི་ངལ་ལམ། །ཕྱིས་ནས་བག་ཡོད་བརྟེན་པར་རིགས། །གཉིས་པ་ངེས་པའི་ལན་དུ་ནི། །སྣང་གསུམ་ཐུན་མོང་ལམ་ཡིན་པ། །ཉེས་དམིགས་བྱམས་དང་སྙིང་རྗེ་སོགས། །ཐེག་པ་གཞན་ལའང་ཡོད་དམ་མེད། །དེ་ལྟར་ཡིན་ན་ལྟ་ཁྲིད་ཀྱང་། །ཐུན་མོང་འགྱུར་ཏེ་དེ་བས་ན། །དབང་བསྐུར་དང་ནི་སྔོན་འགྲོ་ཡང་། །ཕྱིས་ནས་བྱེད་པ་ཅིས་མི་རིགས། །འདིར་ནི་ཐུན་མོང་མ་ཡིན་ཏེ། །བསྒོམ་པ་གསུམ་གྱིས་ཟིན་པའི་ཕྱིར། །ཁྱད་པར་ལམ་འབྲས་ཁྲིད་ཡིན་ན། །ཐུན་མོང་མ་ཡིན་ཁྲིད་དུ་ངེས། །ལམ་འབྲས་མིན་ན་ཚིག་རྐང་དུ། །ལམ་འབྲས་འབྲི་ཞེས་དམ་བཅས་ནས། །ལམ་འབྲས་མིན་པ་བྲིས་གྱུར་