R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩ན
[A:༩ན]ན། །རྣལ་འབྱོར་དབང་ཕྱུག་འཁྲུལ་ལགས་སམ། །མདོར་ན་དབང་བསྐུར་མ་བྱས་པར། །སྣང་བ་གསུམ་གྱི་དཀྲི་བའི་ཚེ། །ཉམས་ཀྱི་སྣང་བའི་རྟེན་ལ་ནི། །ཁྱད་ཆོས་གསུམ་གྱི་རྒྱུད་དག་ལ། །ཐོས་བསམ་དབང་གིས་རྒྱུད་དག་པར། །དགོས་པ་གསུངས་ན་མི་འདོད་ཅིང་། །ཐུན་མོང་མིན་པའི་ཉམས་སྣང་ནི། །རིམ་གཉིས་བསྒོམ་པ་ལས་བྱུང་བའི། །ཉམས་སྣང་འཆར་ཚུལ་རྣམས་གསུངས་ན། །གསང་སྒྲོགས་འགྱུར་བ་མ་ཡིན་ནམ། །ཐུན་མོང་ཡིན་ན་ཉམས་བཅོ་ལྔ། །སོགས་དང་དག་པའི་སྣང་བ་ཡི། །བདེ་བར་གཤེགས་ཚུལ་ལ་སོགས་པ། །མདོ་སྡེའི་གསུང་རབ་གང་ན་བཤད། །ཁྱད་པར་གཞུང་བཞིན་དཀྲི་བ་ནི། །སྣང་བ་གསུམ་གྱིས་དཀྲི་གསུངས་ནས། །དེ་རྗེས་ཁོ་ནར་རྒྱུད་གསུམ་གྱི། །དཀྲི་བར་གསུངས་ན་བར་སྐབས་དེར། །རྒྱུ་དབང་བསྐུར་བ་སུ་ཡི་ལུགས། །དཔྱོད་ལྡན་ལ་ལའི་འབེལ་གཏམ་གྱི། །བློ་གྲོས་རྟོག་པ་འཕེལ་ན་ཡང་། །འབྲེལ་མེད་གཞན་ལ་འཁུ་བའི་ཚིག །མང་དུ་སྨྲས་པས་ཅི་ཞིག་བྱ། །དེ་ནས་དྲི་བ་གསུམ་པ་ནི། །སྣང་གསུམ་ལམ་གྱི་གཞི་བཅའ་དང་། །རང་རྐང་ཚུལ་དུ་འཆད་པ་ཡི། །ཁྱད་པར་གང་ཡིན་གསལ་པར་སྨྲོས། །གཞི་བཅའ་ཞེས་པའི་ངེས་ཚིག་ཅི། །ཟེར་མོད་གཞི་བཅའ་རང་རྐང་གཉིས། །གོ་རིམ་ཇི་བཞིན་དཀྲི་བ་དང་། །སྐད་དོན་ཚུལ་དུ་དཀྲི་བ་ཡིས། །སོ་སོའི་སྐབས་སུ་ཤེས་བྱ་ཞིང་། །གཞི་ཡི་ངེས་ཚིག་ཡོད་པ་ཡིས། །ལམ་དངོས་མིན་པར་ཁས་ལེན་ན། །རྒྱུད་གསུམ་དཀྲི་བའི་སྐབས་སུ་གཞི། །དམ་ཚིག་ལ་གནས་ཞེས་གསུངས་པས། །དམ་ཚིག་ཉི་ཤུ་ལམ་ཡིན་པར། །ཁས་ལེན་