R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦བ
[A:༨༦བ]བསྐྱེད་པ་ལ། །སྐྱོགས་བཤད་འཁྲུལ་པའི་རྗེས་གནོན་ཡིན། །བྷྲཱུཾ་སོགས་ལུས་དཀྱིལ་བསྐྱེད་པ་ཡི། །ས་བོན་འདི་ལྔས་བྱས་པ་ཡི། །ཙནྜ་ལཱི་དང་རྗེས་མཐུན་པར། །གང་རུང་བྱ་ཞེས་འདམ་ཀར་གསུངས། །གཞུང་བཤད་རྣམས་སུ་ཕྱི་མ་བྲིས། །དེ་ལྟར་མ་མཐོང་ཚོད་རྒྱག་མང་། །སྒྲ་བསྒྲུབ་ཚུལ་ལའང་དཔྱད་གཞི་ཡོད། །ཡི་གེ་སྐྱོན་ཉམས་རེ་ཞིག་བཞག །ངོར་པ་ཆེན་པོའི་བིར་སྲུང་དུ། །རང་ཉིད་བིརྺར་བསྒོམ་པ་ལ། །ཕོ་བྲང་ལྷ་ལྔའི་ས་བོན་བསམ། །ཞེས་འདིའང་སྐྱོག་བཤད་མ་བྱེད་ཅིག །རྒྱས་གདབ་རིགས་མཚོན་མེད་པ་དང་། །ཞེས་པའི་ཚིག་གི་རྒྱས་བཤད་དུ། །ཁ་ཅིག་ལུས་དཀྱིལ་ལྷ་རྣམས་ལ། །རྡོར་སེམས་རྒྱས་བཏབ་སཾ་ཊི་ལས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཞེས་དང་ཕྱག་རྒྱ་བཞི་པ་ལས། །ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཞེས་བྱའི་དགོས་པར་གསལ་ཞེས་ཟེར། །རྒྱུད་སྡེ་རྒྱས་བསྡུས་ཐ་དད་ཡིན། །ཁྱད་པར་རྫོགས་རིམ་བརྟན་པར་གསུངས། །རྒྱ་གཞུང་དགོངས་པ་དྲུག་པ་བསྟན། །སྲས་དོན་མ་ཞེས་གཙོ་བོ་ལྔ། །རིགས་ལྔས་རྒྱས་བཏབ་འཁོར་རྣམས་ལ། །རང་རིགས་གཙོ་བོས་རྒྱས་བཏབ་དང་། །ཡང་ན་ཀུན་གྱི་གནས་ལྔ་རུ། །རྡོ་རྗེ་རྩེ་ལྔ་བསམ་པར་བྱ། འཕགས་པས་གཙོ་བོ་རྡོར་སེམས་དང་། །འཁོར་རྣམས་རང་རང་གཙོ་བོ་དང་། །སྐྱེ་མཆེད་ཁ་དོག་མཐུན་པའི་རིགས། །ཁྲོ་བོ་སྲུང་འཁོར་སྐབས་ལྟར་གསུངས། །རང་རང་དུ་ནི་རྡོར་སེམས་ཕྱིར། །རིགས་ལྔ་རྡོར་སེམས་དོན་གཅིག་ཡིན། །དེ་ལྟར་ཅི་འབྱིན་བཀོད་པ་ལ། །རྐུན་རྒྱབ་བརྫུན་མ་འདི་སྐད་ལོ། །རྒྱུད་འཆད་