R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩བ
[A:༩བ]དགོས་པ་མ་ཡིན་ནམ། །དེས་ན་སྨྲ་བ་ཉུང་ན་མཛེས། །དྲི་བ་བཞི་པའི་དམ་ཚིག་ནི། །གཞན་ཡང་བྲ་སྟོན་ཞུས་ལན་ནས། །འབྱུང་བའི་ལམ་རིམ་ལམ་འབྲས་དང་། །རྒྱུད་གསུམ་དང་ནི་མདོ་རྒྱུད་སྤྱིའི། །ལམ་རིམ་གསུམ་པོ་གང་དུ་འཚལ། །དང་པོ་ལྟར་ན་སྣང་གསུམ་གྱི། །སྔོན་དུ་དབང་བསྐུར་བཤད་འདུག་གམ། །གཉིས་པ་ལྟར་ན་ཚུལ་དེ་དང་། །འགལ་བའི་ལམ་འབྲས་རྒྱུད་གསུམ་ནས། །བཤད་པ་མིན་པར་ཁས་ལོངས་ཤིག །ཕྱི་མ་ལྟར་ན་ལམ་འབྲས་དང་། །མི་མཐུན་ལམ་དེ་མདོ་རྒྱུད་ཀྱི། །དགོངས་པར་འགྲུབ་ཕྱིར་ལམ་འབྲས་ཀྱི། །གོ་རིམ་དེ་འདྲ་གང་ནས་བྱོན། །མདོ་རྒྱུད་ཀུན་དང་མི་མཐུན་པའི། །ལམ་དེ་གོང་མའི་དགོངས་པ་ཞེས། །སྨྲ་བ་དེ་དག་གད་མོའི་གནས། །ཟེར་བའི་ཐོག་མར་མགོ་མཚུངས་ནི། །དེས་ན་དབང་པོ་རབ་འབྲིང་གསུམ། །དཀྲི་བའི་གཞུང་ཤིང་ལས་བྱུང་བའི། །ལམ་གྱི་རིམ་པ་ལམ་འབྲས་དང་། །རྒྱུད་གསུམ་དང་ནི་མདོ་རྒྱུད་སྤྱིའི། །ལམ་རིམ་གསུམ་པོ་གང་དུ་འཚལ། །དང་པོ་ལྟར་ན་དབང་བསྐུར་གྱི། །སྔོན་དུ་སྣང་གསུམ་བཤད་འདུག་གམ། །གཉིས་པ་ལྟར་ན་ཚུལ་དེ་དང་། །འགལ་བའི་ལམ་འབྲས་རྒྱུད་གསུམ་ནས། །བཤད་པ་མིན་པ་ཁས་ལོངས་ཤིག །ཕྱི་མ་ལྟར་ན་ལམ་འབྲས་དང་། །མི་མཐུན་ལམ་དེ་མདོ་རྒྱུད་ཀྱི། །དགོངས་པར་འགྲུབ་ཕྱིར་ལམ་འབྲས་ཀྱི། །གོ་རིམ་དེ་འདྲ་གང་ནས་བྱོན། །མདོ་རྒྱུད་ཀུན་དང་མི་མཐུན་པའི། །ལམ་དེ་གོང་མའི་དགོངས་པ་ཞེས། །སྨྲ་བ་དེ་དག་གད་མོའི་གནས། །ཞེས་པ་ལྡོག་ན་ཇི་སྐད་སྨྲ། །གཞན་ཡང་རྒྱུ་དུས་དབང་གི་སྔོན། །སྣང་གསུམ་དགོས་པའི་སྐྱབས་གནས་སུ། །བྲ་སྟོན་