[A:༩༣བ]ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སློབ་མ་ཚད་མེད་པ་བཟུང་བར་བྱའོ། །ཞེས་དང་། དེ་དབང་བསྐུར་ལ་གྲངས་ངེས་མི་དགོས་པའི་དམིགས་གསལ་ལོ་སྙམ་ན། གཅིག་ཤེས་ཀྱང་དབང་བསྐུར་ལ་གྲངས་ངེས་དགོས་པའི་དམིགས་གསལ་ལོ། །མིན་ཏེ། སློབ་དཔོན་རིན་པོ་ཆེས་དབང་ཆུར། རྗེས་འཛིན་གྱི་སྐབས་སུ་དྲངས་པས་སོ་ཞེ་ན། དྲངས་མ་ཐག་པའི་ལུང་ཕྱི་མ་དེ་ཡང་འཕགས་པའི་བརྟག་གཉིས་ཀྱི་ཊཱིཀྐ་སྙིང་པོ་གསལ་བར། རྗེས་འཛིན་གྱི་སྐབས་སུ་དྲངས་པས་ཀུན་ཏུ་མཚུངས་སོ། །ཞེས་དང་། རིགས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་སློབ་མ་རེ་རེ་ནས་བྱེད་པ་དེའི་ཚེའང་མཎྜལ་འབུལ་བ་དང་གསོལ་བ་གདབ་པ་སོགས་སློབ་མ་ཇི་ཙམ་ཡོད་པ་ཐམས་ཅད་ཀྱི་ཅིག་ཅར་དུ་བྱ་རུང་བར་བཤད་པའི་རིགས་པས་སོ། །དབང་བསྐུར་ལ་གྲངས་ངེས་ཡོད་ཀྱང་། རྗེས་འཛིན་གྱི་ཚེ་དེ་མ་བྱས་པ་ལ་ཉེས་པ་མེད་པར་ཤེས་པ་ཡིན། ཞེས་དང་། ཁོ་བོ་ཅག་གི་རང་ལུགས་ནི། འཕགས་པ་རིན་པོ་ཆེའི་རྩ་རྒྱུད་ཀྱི་ཊཱིཀྐ་དང་། སྤྱི་རྒྱུད་དགོངས་པས་གྲངས་ངེས་ཡོད་པ་དང་། རྣམ་སྣང་མངོན་བྱང་གི་དགོངས་པས་གྲངས་ངེས་མེད་པ་གཉིས་ཆར་སློབ་མ་རྗེས་འཛིན་གྱི་སྐབས་འདི་ཉིད་དུ་བཤད་པས། གཉིས་ཀ་ལྟར་ཡང་མི་འགལ་བ་ཉིད་དུ་འདོད་དོ་ཞེས་ལན་འདེབས་པར་མཛད་དོ། །ལེགས་པར་རྣ་བ་བཀླགས་ཏེ་གསན་པ་ཞུ། སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་གྱི་རྣམ་གཞག་དེ་ཁྱོད་ལ་མེད་པར་ཐལ། ཇི་སྐད་དུ་བཤད་པའི་ལག་ལེན་དེ་དག་ཁྱོད་ལ་མེད་པའི་ཕྱིར། རྟགས་གསལ་དངོས། ལམ་འབྲས་ནས་བཤད་པའི་རྗེས་འཛིན་གྱི་རྣམ་གཞག་དེ་ཁྱོད་ལ་མེད་པར་ཐལ། ཇི་སྐད་དུ་བཤད་པའི་གྲངས་ངེས་