R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩ན
[A:༩༩ན]བྱ་ནུས་ཀྱང་། འཕྲིན་ལས་རླབས་པོ་ཆེ་དག་ལ། དགོས་པའི་ཁྱད་པར་གཞན་དུ་མ་ཞིག་བྱུང་ངོ་ཞེས་དང་། དབང་གོང་མ་གསུམ་ཡང་སློབ་མ་རེ་རེ་ནས་བསྐུར་དགོས་ཤིང་། དུས་ཅིག་ཅར་དུ་བསྐུར་བར་བྱ་བ་མ་ཡིན་ཞེས་སྒྲུབ་བྱེད་འགོད་པར་བྱེད་དོ། །དེས་ནི་ཁྱོད་ཇོ་བོ་བཟང་པོའི་ནང་དུ་བགྲང་པར་བྱ་བ་ཡིན་ལ། རྣམ་པ་གཅིག་ཏུ་ན་སློབ་དཔོན་རིན་པོ་ཆེས། དབང་བསྐུར་བ་དེ་ཡང་སངས་རྒྱས་ནས་བརྒྱུད་པ་མ་ཆད་པ་སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བ། ཆོ་ག་ལ་མཁས་པ། བྱིན་རླབས་དང་ལྡན་པ། སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པ་ཆོ་ག་གང་བྱེད་རྫོགས་པར་ཐོབ་པ་བྱས་པ་ཞིག་དགོས་ཀྱི། དབང་བསྐུར་བྱས་ཀྱང་ཡིད་བརྟན་མི་རུང་བ། ཅི་ཡིན་གཏོལ་མེད་པ། བླུན་པོ་བསླུ་བ་འདྲ་བ་དང་ཞེས་པ་ནི་ཐུགས་ལ་འཇེབས་པར་མཛད་དགོས་པའི་རིགས་སོ། །དབང་གོང་མ་གསུམ་ཡང་རེ་རེ་ནས་བསྐུར་དགོས་ཞེས་དབང་ཆུའི་ལུགས་འདྲེན་པར་བྱེད་མོད། དེ་ནི་རིགས་སྔགས་མཁན་པོ་ཉིད་རང་གཟུགས་སྟོན་པར་མཛད་པའོ། །སློབ་འཁོར་ཉུང་བ་ལ་འཕྲིན་ལས་ཆུང་བར་བྱས་མོད། ཁོ་བོ་ཅག་གིས་ཁས་བླང་བར་བྱའོ། །དབང་བསྐུར་ཡོངས་དག་གི་སྐབས་སུ། རིགས་སྔགས་མཁན་པོ་ན་རེ། འདི་ལྟར་ཐུན་མོང་གི་དབང་དྲུག་སློབ་དཔོན་གྱི་དབང་དང་བཅས་པ་ལ་འཁོར་གསུམ་ཡོངས་དག་བྱ་དགོས་པས་ཁྱབ་པ། རྗེ་བཙུན་ཆེན་པོའི་བཞེད་པ་ཡིན་ན། རྗེ་བཙུན་ཉིད་ཀྱིས་མི་བསྐྱོད་པ་ལ་འཁོར་གསུམ་ཡོངས་དག་བྱས་ནས། རིན་འབྱུང་ཅོད་པན་གྱི་དབང་མན་ཆད་ལ་མི་བསྐྱོད་པའི་ང་རྒྱལ་དུ་གནས་ནས་དབང་བསྐུར་བས་ཆོག་པ་རྡོ་རྗེ་གུར་གྱི། རྡོ་རྗེ་སེམས་དཔས་དབང་