R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]བཞེད་པ་ཡི། །གྲུབ་མཐའི་རྣམ་གྲངས་འདི་སྐད་ཐོས། །རྗེ་བཙུན་གོང་མའི་བཀའ་སྲོལ་དང་། །སྙན་བརྒྱུད་བླ་མ་དམ་པ་ཡི། །ཞལ་ནས་ཇི་ལྟར་བྱུང་བ་ལ། །ཡིད་ཆེས་ངེས་བཟུང་མེད་བཞིན་དུ། །རང་བློས་སྦྱར་བའི་གྲུབ་པའི་མཐའ། །སྣ་ཚོགས་སྨྲ་བ་མཐའ་ཡས་མོད། །ཚང་བར་བརྗོད་པ་མ་བྱུང་བས། །མཚོན་པ་ཙམ་ནི་འདི་ལྟར་ཏེ། །དཔེར་ན་གཞུང་ཤིང་བཞི་པོ་ཡི། །ཁྲིད་ཚུལ་གྲངས་སུ་འདྲེན་པ་ན། །རྡོ་རྗེ་འཆང་ཆེན་དངོས་ཀྱི་སློབ། །དཔལ་གྱི་གཞུང་ཤིང་དང་པོ་ནི། །གསུམ་ལ་ཁྲིད་ཚུལ་རེ་རེ་དང་། །ཐ་མར་ལྔ་སྟེ་བརྒྱད་དུ་བཤད། །ཀུན་མཁྱེན་གོ་བོས་གཞུང་ཤིང་ནི། །དང་པོ་གཉིས་ལ་ཁྲིད་ཚུལ་གཅིག །གསུམ་པར་གཅིག་དང་བཞི་པ་ལ། །ཁྲིད་ཚུལ་བཅུ་གཉིས་བཞེད་པ་དང་། །འདུལ་བཟང་པ་དང་སངས་རིན་པས། །དང་པོ་ཉིད་ལ་རེ་རེ་དང་། །གུ་གེ་ཆོས་དཔལ་ཞེས་བགྱི་བས། །གཞུང་ཤིང་དང་པོ་ཉིད་ལ་ནི། །ཁྲིད་ཚུལ་དགུ་རུ་བཤད་པ་དང་། །སྣང་བ་གསུམ་གྱི་འདོད་ཚུལ་ཡང་། །ཕལ་ཆེར་ཐུན་མོང་དུ་བཞེད་ཅིང་། །ཀུན་མཁྱེན་རྟ་ནག་པ་ལ་སོགས། །ཕར་ཕྱིན་ཁོ་ནའི་ལམ་དུ་བཞེད། །ཆོས་རྗེ་གུང་རུའི་ཁྲིད་ཀྱི་དུས། །ཕར་ཕྱིན་ལམ་དང་གཞུང་བཤད་དུས། །སྔགས་ལམ་ཁོ་ནར་འཆད་ཅེས་སོགས། །གསང་སྔགས་སྙན་བརྒྱུད་ཟབ་མོ་ལ། །མཚན་ཉིད་བསྡུས་པའི་ཆོས་སྐད་དང་། །དབྱར་དུས་འདབ་ཆགས་སྐད་བཞིན་དུ། །སྣ་ཚོགས་ཐ་དད་ཅ་ཅོར་སྨྲ། །ཡིད་ཆེས་ལུང་དང་དམ་པའི་གསུང་། །གང་ལའང་མ་བརྟེན་རང་སྐད་དུ། །སྙན་བརྒྱུད་ཟབ་མོ་བདུད་རྩིའི་རྒྱུན། །ངན་རྟོག་དུག་གི་སྦགས་གྱུར་ན། །སླད་ནས་རྗེས་