R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡བ
[A:༡༡བ]འབྲང་དཔྱོད་ལྡན་རྣམས། །གང་གི་རྗེས་སུ་འབྲང་བ་སོགས། །བདག་ཉིད་ཆེན་པོ་ས་པཎ་གྱིས། །གཞུང་ཤིང་བཞི་ཡི་ཁྲིད་ཚུལ་རྣམས། །དཀར་ཆག་གསལ་བར་མཛད་པ་དང་། །དེ་ལ་ཟངས་ཚའི་ཟིན་བྲིས་རྣམས། །ཡོད་བཞིན་དེ་ལས་བརྒལ་བྱེད་པ། །ས་སྐྱའི་བསྟན་འཛིན་ངོ་མཚར་ཆེ། །ནགས་ཀྱི་སྤྲེའུའི་ཚོགས་འདུས་ནས། །སྐྱེས་བུའི་ལུས་ལ་རྟོག་པ་ན། །སྤུ་དང་མཇུག་མ་དང་བྲལ་ཞེས། །ཁྲེལ་ཞིང་རང་ལུས་དམ་པར་འཛིན། །ནག་ཕྱོགས་ལ་དགའ་འགྲོ་བ་རྣམས། །འཕེལ་ཞིང་དར་བ་དུས་ཀྱི་དབང་། །དེ་ཡི་རྣམ་པར་དག་མི་དག །གྲུབ་མཐའ་ཉིན་ནུབ་སྐར་ཚོགས་བཞིན། །རྒྱལ་སྲས་ཐབས་མཁས་ཐུགས་རྗེ་ཡི། །བདག་ཉིད་ཡིན་ཡང་སེམས་ཅན་རྣམས། །རང་རང་ལས་བཀལ་སྤྱོད་པ་ལ། །ལས་མ་སྲབ་པ་བཏང་སྙོམས་ཚུལ། །འོན་ཀྱང་རྣམ་དག་སྨོན་པའི་མཐུས། །བཤེས་གཉེན་དམིགས་བུ་དང་བྲལ་བའི། །གོམ་འཁྱོར་ལོག་པའི་ལམ་ཞུགས་རྣམས། །ཡང་དག་ལམ་ལ་འཇུག་གྱུར་ཅིག །ཅེས་པ་འདི་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའི་སྲོལ་འཛིན་པ། ངོར་གྱི་གདན་ས་བཅུ་པ་ཙམ་གྱི་བླ་ཆེན་དཀོན་མཆོག་ལྷུན་གྲུབ་ཅེས་པས། ས་སྐྱ་པའི་རྙིང་མའི་སྲོལ་འཛིན་རྣམས་ལ་ཅུང་ཟད་ཅོ་དྲི་བའི་ཚུལ་དུ་མཛད་པའི་ལན་དུ་དྲིས་ལན་མདོར་བསྡུས་ཙམ་འདི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་ཤིང་། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཁྱབ་བདག་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་ཞབས་རྡུལ་ལ་སྤྱི་བོས་རེག་སྟེ། གསུང་གི་ཆ་ཤས་ཙམ་ཐོབ་པའི་འཁོར་གྱི་ཐ་ཆུང་ས་སྐྱའི་བཙུན་པ་བྱང་ཆུབ་དབང་རྒྱལ་