R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣བ
[A:༡༡༣བ]ཀྱིས་ཀུན་ནས་བསླངས་པ་ཞིག་དགོས་པའི་ཕྱིར་རོ། །གལ་ཏེ་ཁོ་ན་རེ། ཚོགས་འཁོར་གྱི་སྐབས་སུ་ཡང་ཤ་ཆང་སོགས་ལ་སྲེད་པའི་སྒོ་ནས་བཟའ་བ་མ་ཡིན་པར། ལྷ་མཆོད་པའི་བསམ་པས་ཚོགས་རྫོགས་པའི་ཆེད་ཡིན་པའི་ཕྱིར་ན་ཀུན་ཏུ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཚོགས་འཁོར་གྱི་སྐབས་སུ་དགེ་སློང་རྡོ་རྗེ་འཛིན་པས་ཤ་ཆང་སོགས་ཅུང་ཟད་ཙམ་ནི་ལོངས་སྤྱོད་པར་ངེད་ཀྱང་འདོད་ལ། མང་དུ་ལོངས་སྤྱད་ན་མྱོས་པ་སོགས་ཀྱི་སྒོ་ནས་དྲན་པ་དང་ཤེས་བཞིན་ཉམས་ནས་བག་མེད་ཀྱི་སྤྱོད་པར་འགྱུར་བ་དང་། གཞན་མ་དད་པ་སོགས་ལོག་ལྟའི་རྒྱུར་སོང་ནས་མང་དུ་ལོངས་སྤྱོད་པ་དེ་བཀག་པ་ཡིན་ལ། དབང་གསུམ་པའི་སྐབས་སུ་ཆགས་པའི་གཏམ་སྨྲས་པ་ཙམ་གྱིས་དྲན་ཤེས་ཉམས་ནས་བག་མེད་ཀྱི་སྤྱོད་པར་མི་འགྱུར་ཞིང་། གཞན་མ་དད་པ་སོགས་སུ་མི་འགྱུར་བའི་ཕྱིར་རོ། །སྔོན་གྱི་དུས་ཀྱང་དགེ་སློང་དང་དགེ་ཚུལ་རྡོ་རྗེ་འཛིན་པ་རྣམས་ཀྱིས་དབང་གསུམ་པའི་ཉམས་ལེན་བྱ་བར་མི་རུང་ཞེས་པའི་ལོག་རྟོག་སྨྲ་བ་གངས་ཅན་འདིར་བྱུང་བ་ལ་བླ་མ་གོང་མ་རྣམས་ཀྱིས་ལུང་རིགས་ཀྱིས་སུན་ཕྱུང་ཟིན་ནོ། །དམ་བཞག་གི་སྐབས་སུ་དེ་ལྟར་སྨྲས་པས་རྫུན་སྨྲའི་ཕམ་པར་མི་འགྱུར་ཏེ། ཉན་ཐོས་ལུགས་ཀྱི་རྫུན་སྨྲའི་ཕམ་པར་འགྱུར་བ་ལ། འདུ་ཤེས་གཞན་དུ་བསྒྱུར་བའི་སྒོ་ནས་དྲན་ཤེས་བཞིན་གྱིས་ཟིན་པ་ཞིག་དགོས་ཀྱི། ཤེས་བཞིན་གྱིས་མ་ཟིན་པ་དང་མངོན་པའི་ང་རྒྱལ་གྱིས་དེ་ལྟར་སྨྲས་པ་ལ་ཕམ་པར་མི་འགྱུར་བའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་སྐབས་སུ་ནི་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་རང་ཉིད་སངས་རྒྱས་སུ་བསྐྱེད་པའི་སྒོ་ནས་རང་ཉིད་སངས་རྒྱས་སུ་ཞེན་པའི་ངང་ནས་